བྲག་འགོ་རྫོང་གི་ནས་ནག་གི་ཟླ་གོར་ཚོང་རྒྱུག་བྲིན།

ཨ་མགོན་གྱིས་བསྒྱུར།        2016-09-20

སྤྱི་ཟླ9པའི་ཚེས8ཉིན་བྲག་འགོ་རྫོང་ཧོར་ཐང་ཆེན་དུ་ཉི་པ་ཤང་གི་ཚོང་ཁྲོམ་སྤེལ་ཡུལ་དུ་མི་རྣམས་འཚང་ག་ཤིག་ཤིག་བྱས་ནས་ནས་ནག་གི་ཟླ་གོར་ཉོ་བཞིན་མཆིས།
ནས་ནག་ཕྱེ་མས་བཟོས་པའི་ཟླ་གོར་འདི་གོང་ཁེ་ལ་བྲོ་བ་ཞིམ་པོ་འདུག  ང་ཚོས་ཟླ་གོར་འདི་ཤིན་ཏུ་ཟ་དགའ་ཡོད། ད་ལོའི་ཟླ་མཆོད་དུས་ཆེན་སྐབས་སུ་ང་ཚོས་ས་གནས་རང་ཉིད་ཀྱིས་ལས་སྣོན་བྱས་ནས་ཐོན་སྐྱེད་བྱས་པའི་ཟླ་གོར་བཟས་ནས་ཟླ་མཆོད་ཉིན་མོ་རོལ་ན་ས་གནས་རང་ཉིད་ཀྱི་ཁྱད་ཆོས་དང་གོམས་སྲོལ་མཚོན་པ་རེད་ཅེས་པ་འདི་ནི་ས་གནས་དེ་གའི་མང་ཚོགས་ཚོས་ནས་ནག་གི་ཟླ་གོར་ཉོ་ཞོར་སྨྱུག་འཛིན་པར་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།
སྔོན་ཆད། ཉི་པ་ཤང་གི་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱད་དེ་ནས་ནག་རྨོས་འདེབས་བྱས་པས་ཐོན་ཚད་དང་གྲུབ་འབྲས་ཧ་ཅང་ཞན་པོ་ཡིན་པ་རེད། བྲག་འགོ་རྫོང་ས་གནས་ཁྲལ་དོན་ཅུས་ཀྱི་ལས་བཟོ་ཁྲེན་ཝང་གིས་ཤང་དེའི་ཚེ་གནས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་འཁུར་རྗེས། ཚོང་རའི་ནང་བརྟག་དཔྱད་ཞིབ་འཇུག་བྱས་མཐར་ནས་ནག་གི་ཐོན་ཚད་དམའ་བོ་ཡིན་རུང་རིན་གོང་མཐོན་པོ་རག་པའི་མཇུག་སྡོམ་ཞིག་རྙེད་པར་བརྟེན། ཤང་དེས་ནས་ནག་རྨོས་འདེབས་བྱེད་ཤུགས་ཆེ་རུ་བཏང་སྟེ་ནས་ནག་གི་དཔལ་འབྱོར་རིན་ཐང་འདོན་སྤེལ་བྱེད་གང་ཐུབ་བྱེད་ཕྱིར། ཤང་དེའི་མང་ཚོགས་ཀྱིས་ནས་ནག་ཕྱེ་མ་ལས་སྣོན་བྱས་ཏེ་ས་གནས་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་ཟླ་གོར་བཟོ་རྒྱུའི་གཏན་འཁེལ་བྱས་པ་རེད།
ལས་སྟངས་འདི་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱས་ནས་ཉི་པ་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཐོན་སྐྱེད་ལས་སྣོན་དང་ཕྱི་ཚོང་བྱ་རྒྱུའི་ཐད་ལས་བགོས་ཞིབ་ཕྲ་བྱས་ནས་ཟླ་བ་གཅིག་འདས་པའི་རྗེས་སུ། ཉི་པ་ཤང་ཚེ་གནས་གྲོང་སྡེའི་བོད་ལུགས་ཀྱི་ནས་ནག་གི་ཟླ་གོར་འདི་རིགས་ཟླ་མཆོད་དུས་ཆེན་གྱི་སྔ་སྣུར་ལ་བྲག་འགོ་རྫོང་གི་ཚོང་རའི་ཐོག་བྲིན་རྒྱུག་ཆེ་བའི་ཚོང་ཟོག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
མིག་སྔའི་བར་དུ། ཡུལ་མི་ཚོས་འཚང་ག་བརྒྱབ་ནས་ནས་ནག་གི་ཟླ་གོར་ཉོས་སྟབས་བྲིན་ཚོང་ཁེ་སྤོགས་འདི་སྔོན་ཚོད་དམིགས་ཡུལ་ལས་ལྡབ་ལོག་གསུམ་བརྒལ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལས་གཞི་འདིར་མ་དངུལ་བསྡོམས་འབོར་སྒོར་ཁྲི9གཏོང་འཇོག་བྱས་ཡོད་ཅིང་། ཟླ་བ་གཅིག་གི་དུས་རིམ་ནང་ཐོན་སྐྱེད་བྱས་པའི་ནས་ནག་གི་ཟླ་གོར་ཡོད་དོ་ཅོག་བྲིན་ཚོང་བྱས་རྗེས། ད་ལོར་གྲོང་སྡེ་འདིར་ནས་ནག་གི་ཟླ་གོར་རྐྱང་པའི་ཁེ་སྤོགས་སྒོར་ཁྲི3.8ཡན་ཆད་ལ་ཟིན་རྒྱུ་རེད།། 
  • ལེ་ཚན་སྔོན་མ།:རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ་ཞིང་ཆེན་དང་རང་སྐྱོང་ཁུལ་གཉིས་ཀྱིས་མཉམ་འགུལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ལ་ཉེན་མེད་ཞིབ་བཤེར་བྱེད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཐུམ་འབུའི་ནད་ཁྱབ་མཆེད་ས་ཁུལ་དུ་མི་འབོར་ཁྲི༦ལྷག་གིས་ཉེན་ཁ་མེད་པའི་ཆུ་འཐུང་རྒྱུ་ལོན།
  • དོ་སྣང་ཆེ་བའི་རྩོམ།