རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ་ཞིང་ཆེན་དང་རང་སྐྱོང་ཁུལ་གཉིས་ཀྱིས་མཉམ་འགུལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ལ་ཉེན་མེད་ཞིབ་བཤེར་བྱེད།
ཨ་མགོན་གྱིས་བསྒྱུར། 2016-09-20
རྒྱལ་སྟོན་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ། ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་། ལྕགས་ཟམ་རྫོང་བཅས་སུ་ཕྱིན་ནས་བཟའ་བཅའ་དང་སྨན་རྫས་ཉེན་མེད་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་ཐད་ཞིབ་བཤེར་ཆེན་པོ་བྱས་པ་རེད།
ཞིབ་བཤེར་བྱས་པའི་སྐབས་སུ། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་དར་མདོ་སློབ་འབྲིང་དང་སི་ཁྲོན་མི་རིགས་སློབ་གླིང་། དར་མདོའི་མི་རིགས་ཉོ་ཚོང་སྤྱི་གཉེར་ཁང་། དར་མདོ་གྲོང་ཁྱེར་སྨན་རིགས་ཚོང་གཉེར་ཁང་བཅས་སུ་ཕྱིན་ནས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་རེད། ཐེངས་འདིར་ཞིབ་བཤེར་བྱ་ཡུལ་གཙོ་བོ་ནི་སློབ་གྲྭ་དང་རང་འདེམས་ཚོང་ཁང་། སྨན་རིགས་ཚོང་གཉེར་བྱེད་མཁན་དང་བཟའ་བཅའ་ལས་སྣོན་བྱེད་མཁན་གྱི་ཁེ་ལས་བཅས་ཡིན་པ་རེད། སློབ་གྲྭའི་ནང་གཙོ་བོ་འབྲས་དང་གྲོ་ཕྱེ། བཟའ་སྣུམ་བཅས་ཀྱི་སྤུས་ཀར་ཞིབ་བཤེར་ལྟ་སྐུལ་བྱས་ནས་སློབ་མ་ཚོའི་བཟའ་བཅའི་ཉེན་མེད་བདེ་འཇགས་ལ་འགན་སྲུང་བྱས་པ་རེད། སྨན་རིགས་ཚོང་གཉེར་ཁེ་ལས་སུ་གཙོ་བོ་གཞི་རྩའི་སྨན་རྫས་དང་ཁྱད་པར་དུ་ཉེན་ཁ་ཆེན་པོ་ཡོད་པའི་སྨན་རྫས། སྨན་སྤྱོད་ཡོ་བྱད། དམིགས་བསལ་གྱི་སྨན་རྫས། དེ་བཞིན་དུ་རྒྱ་སྨན་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད། བཟའ་བཅའ་ལས་སྣོན་བྱེད་མཁན་གྱི་ཁེ་ལས་ལ་གཙོ་བོའི་ལས་སྣོན་བྱ་ཡུལ་གྱི་འཕྲོད་བསྟེན་དང་རྒྱུ་ཆའི་སྤུས་ཀ་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།།