པེ་ཅིན་ལ་རིན་པ་མི་དགོས་པར་སྨན་བཅོས་བྱེད་དུ་ཕྱིན་ནས་བོད་རིགས་བུ་མོ་ཞིག་ལྷན་སྐྱེས་སྙིང་ནད་ཀྱི་སྡུག་བསྔལ་ལས་ཐར།

        2016-09-20

སྤྱི་ཟླ9པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཐོག  པེ་ཅིན་སྐམ་དམག་སྤྱི་ཁྱབ་སྨན་ཁང་གི་སྨན་རམས་པ་ལི་ཅུན་ཞ་གཤགས་བཅོས་སྨན་ཁང་གི་སྒོ་ལ་བུད་ནས་སྐལ་བཟང་སྒྲོལ་མའི་ཁྱིམ་མིར་མོའི་གཤགས་བཅོས་ཧ་ཅང་ཡག་པོ་རེད་ཐལ། ད་ཉིན་འདི་ཁ་ཤས་ལ་སྨན་བཏུང་ན་མོའི་ལྷན་སྐྱེས་སྙིང་ནད་གཞི་ནས་དྲག་ཐུབ་རྒྱུ་རེད་ཅེས་བཤད།
ལོ་ན11ལ་སོན་པའི་སྐལ་བཟང་སྒྲོལ་མར་ལྷན་སྐྱེས་ཀྱི་སྙིང་ནད་སྙིང་ཁང་གི་བར་མཚམས་མི་འདང་བ་ཟེར་བའི་ནད་རིགས་འདི་སྐྱེས་ཐོབ་ནས་ཕོག་ཡོད་ཅིང་། ལོ་ན10ལ་སོན་པའི་བློ་བཟང་གཡུ་སྒྲོན་དང་ལོ་ན9ལ་སོན་པའི་སྐལ་བཟང་དབྱངས་ཅན་ཡང་མོ་དང་འདྲ་བ་ཐེངས་འདིར་ཀྲུང་གོའི་ཐུན་མོང་གི་གཅེས་སེམས་བྱེད་སྒོའི2016ལོར་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་ནད་པ་ཡིན་པ་རེད། བྱིས་པ་འདི་གསུམ་ནི་རང་ཁུལ་འདབ་པ་རྫོང་གི་ཡིན་པ་རེད། ཉིན་དེའི་སྔ་དྲོར། སྨན་རམས་པ་ལི་ཅུན་ཞ་ཡིས་སྦྲེལ་མཐུད་དུ་ནད་པ་འདི་གསུམ་ལ་བདེ་བླག་ངང་ནས་གཤགས་བཅོས་བྱས་པ་རེད། པར་འདི་ནི་གཤགས་མ་བྱེད་གོང་ཕན་ཚུན་སྐུལ་སློང་བྱེད་རེས་བྱེད་བཞིན་པའི་ཚུལ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་ཐོ་འགོད་བྱས་ཏེ་བྱང་བུ་འཛུགས་པའི་དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་ཉེན་འགོག་གི་གྲོན་དངུལ་ཡོད་ཚད་ནོར་སྲིད་ནས་ཚབ་སྤྲོད་བྱེད་པར་གཏན་འཁེལ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ་ཞིང་ཆེན་དང་རང་སྐྱོང་ཁུལ་གཉིས་ཀྱིས་མཉམ་འགུལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ལ་ཉེན་མེད་ཞིབ་བཤེར་བྱེད།
  • དོ་སྣང་ཆེ་བའི་རྩོམ།