མཚོ་སྔོན་གྱི་རིམ་ཁག་ཁྲིམས་ཁང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚུགས་བཙུགས།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2016-08-30

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར།  ཉེ་ཆེར།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གྲགས་ཅན་ཁྲིམས་རྩོད་པ་ཞིག་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚུགས་སུ་སྡོད་བྱར་སྐྱོད་འགོ་ཚུགས་ཤིང་།  ཉིན་དེ་རང་དུ་ལས་དོན་ས་ཚུགས་ཀྱི་སྒོ་བྱང་བཀལ་ནས་སྒོ་མོ་ཕྱེ་བ་རེད། དེ་རྗེས་ས་གནས་དེ་གའི་ཁྲིམས་རྩོད་ལས་གཉེར་ཁང5ཡི་ཁྲིམས་རྩོད་པ11རེས་སྐོར་སྡོད་བྱེད་འགོ་ཚུགས།  མིག་སྔར།  ཞིང་ཆེན་དེའི་རིམ་ཁག་ཁྲིམས་ཁང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས40ལྷག་ཙམ་བཙུགས་པ་དང་ལོ་མཇུག་གོང་ཞིང་ཆེན་དེ་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་ཚང་མར་ཁྱབ་པར་བྱ་རྒྱུ་རེད། བྱེད་ཐབས་དེ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཡོང་འབབ་དམའ་བའི་མི་ཚོགས་ལ་དུས་ཐོག་དང་།  ཆེད་ལས།  ཕན་ཆེ་བ་བཅས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེབས་ཞུ་རྒྱུ་དེ་ཡི་རེད།
མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཁྲིམས་ཁང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས་བཙུགས་པས་དོ་བདག་ལ་སྟབས་བདེ་ནུས་ཆེའི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་འཐོབ་རྒྱུ་མ་ཟད།  ཁག་བགོས་ཞུ་གཏུག་ལ་ཕན་པ་ཁར་ཞུ་གཏུག་གི་དུས་ཚོད་ཐུང་དུ་འགྲོ་བ་དང་།   གནོན་ཤུགས་ཆུང་དུ་འགྲོ་བ། མ་གནས་གྲོན་ཆུང་ཐུབ་པ་བཅས་ལ་ཕན་པ་ཡོད།  དོ་བདག་གིས་བཏོན་པའི་འབྲེལ་ཡོད་ཁྲིམས་རའི་གོ་རིམ་དང་། བཅའ་ཁྲིམས་རོགས་སྐྱོར་དང་ཉེས་ཁྲིམས་ཀྱི་ཆད་པ་ཕོག་སྲིད་པ། ཁུངས་སྐྱེལ་དག་འབུད་སོགས་ཀྱི་གནད་དོན་ལ་སྡོད་བྱའི་ཁྲིམས་རྩོད་པས་ལན་བཏབ་པས་རོགས་སྐྱོར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་ཕན་པ་འཐོབ་ཐུབ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཆ་མཚོན་ན། དོ་བདག་གིས་བཏོན་པའི་བཅའ་ཁྲིམས་རོགས་སྐྱོར་རེ་ཞུར་སྡོད་བྱའི་ཁྲིམས་རྩོད་པས་རོགས་རམ་བྱེད་ཐུབ་པ་དང་ཆ་རྐྱེན་མཐུན་པར་ཐོབ་ཆ་མི་དགོས་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་ཐུབ།། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼ ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་འགའ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ ༽པར་འགྲེམས་བྱས།
  • དོ་སྣང་ཆེ་བའི་རྩོམ།