ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར། ཟླ་བ8པའི་ཚེས22ཉིན་ནས་ཚེས24བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་སོགས་ས་གནས་སུ་ཕེབས་ཏེ་བརྟག་དཔྱད་གཟིགས་ཞིབ་གནང་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལག་ལེན་དོན་འཁྱོལ་བྱེད་པ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཞིང་སྡེ་དང་། འབྲོག་ཁུལ། ཁེ་ལས། ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཞིབ་འཇུག་སྡེ་ཚན་ལ་འཚམས་འདྲི་གནང་བར་མ་ཟད། ད་རུང་མཚོ་སྔོན་གྱི་ལས་ཀར་དམིགས་ཏེ་ཏན་ཏན་ཏིག་ཏིག་བྱ་དགོས་པའི་རེ་འདུན་བཞི་བཏོན་བ་སྟེ་། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱལ་ཡོང་བར་སྐུལ་འདེད་གཏང་དགོས་པ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས་པ། ཏན་ཏན་ཏིག་ཏིག་གིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་དགོས་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་བྱེད་པར་ཤུགས་བརྒྱག་དགོས་པ་བཅས་སོ།
པར་འདི་ནི་ཞི་ཅིན་ཕིང་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་གྲོང་རྡལ50ཐམ་པའི་པན་ཡན་གྲོང་ཚོར་གཟིགས་ཞིབ་གནང་སྐབས་བྱམས་བརྩེའི་ངང་ཡུལ་མི་ཚོ་ལ་འཚམས་འདྲི་གནང་བའི་ཚུལ་རེད།