ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-07-29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ས་གནས་དང་ལས་ཁུངས་ཀྱི་ལས་གཞི་གལ་ཆེན་དོན་ཐོག་ཏུ་འཁྱོལ་བའི་རྩིས་བཤེར་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་ཏེ། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་། ཁྲིམས་སྐྱོང་ཅན་དང་ཚོང་ར་ཅན་གྱི་ཐོན་ནུས་འདོར་སྒྱུར་ལམ་ལུགས་འཛུགས་པར་བཀོད་སྒྲིག་བྱས་ནས། ཐོན་ལས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་། དམིགས་སའི་རང་བཞིན་གྱི་སྒོ་ནས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བའི་དངུལ་ལོར་ཞབས་ཞུའི་བྱེད་ཐབས་གཏན་ལ་ཕབ་སྟེ། དངུལ་བསྡུ་དཀའ་བའི་གནད་དོན་ཇེ་ལྷོད་དུ་བཏང་། དངུལ་ལོར་ལས་རིགས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་ཏེ། དཔྱ་ཁྲལ་སྣ་ཚོགས་ཇེ་ཉུང་དུ་གཏོང་བ་ལས་ཇེ་མང་དུ་མི་གཏོང་བར་ཁག་ཐེག་བྱེད་རྒྱུའི་ཐག་བཅད། གྲོས་ཚོགས་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་ལེན་རིས་འབྲི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས།
  • ལེ་ཚན་རྗེས་མ།:རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི“དབྱར་སྟོན”ཟློས་གར་སྒྱུ་རྩལ་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།