བོད་ལྗོངས་སུ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས།

        2016-07-27

རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཉེ་ཆར་ལྷ་སར་བཙུགས་ཤིང་།  སྔོན་མའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ཀྱིས་ཚོགས་ཐོག་ཏུ་ཚངས་དབྱངས་རྒྱ་མཚོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆོས་ལུགས་གཙོ་འཛིན་པ་ཞིག་ཡིན་པ་མ་ཟད།  རླབས་ཆེན་གྱི་སྙན་ངག་པ་ཞིག་ཡིན་པས།  མ་ལག་འཐུས་ཚང་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལེགས་སྒྲིག་བྱ་དགོས་ཞེས་བསྟན། 
ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ནི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པ་སངས་ནོར་བུ་དང་སྔོན་མའི་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཁང་གི་ཅུས་ཀྲང་གེ་སར་རྒྱལ་མཚན་གཉིས་ཀྱིས་འགོ་བཙུགས་པ་དང་།  སྤྱི་ལོ་2014ལོའི་ལོ་མཇུག་ནས་ད་ལྟའི་བར་དུ་ལོ་ངོ་གཉིས་ཙམ་གྱི་གྲ་སྒྲིག་དང་འཆར་གཞི་བརྒྱུད་ནས།  ད་གཟོད་ཚོགས་ཞུགས་མི་སྣ་90ལྷག་གིས་གྲུབ་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་དངོས་སུ་བཙུགས་པ་དང་།  མཐུན་ཚོགས་འདི་མི་རིགས་དང་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་མོས་འདུན་ཡོད་པའི་ཁེ་ལས་པས་གྲུབ།
པ་སངས་ནོར་བུས་མཛད་སྒོའི་ཐོག་ཏུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ཆོས་ལུགས་རིག་གནས་དང་འཇིག་རྟེན་རིག་གནས། དཀྱིལ་སྙིང་རིག་གནས་དང་དམངས་ཁྲོད་རིག་གནས་མཉམ་དུ་འདུས་ཤིང་། དེ་ནི་ལོ་རྒྱུས་རིག་གནས་ཤིག་ཡིན་པ་མ་ཟད།  རྒྱུད་འཛིན་དང་དར་སྤེལ།  འཕོ་འགྱུར་ཁྲོད་ཀྱི་རིག་གནས་ཤིག་ཀྱང་རེད།  ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ལོ་ངོ་333གྱི་ལོ་རྒྱུས་བརྒལ་ཞིང་།  མི་རིགས་དང་སྐད་ཡིག  དེ་མིན་ས་ཁོངས་སོགས་བརྒལ་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་ཏུ་གྱུར་བ་རེད་ཅེས་བསྟན། 

  • ལེ་ཚན་སྔོན་མ།:《གཉའ་ཁྲི་བཙན་པོ་ཞིབ་འཇུག》ཅེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།