མཚོ་སྔོན་གྱིས་སྲིད་ཇུས་གསར་པ་17བཏོན་ནས་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

        2014-07-28

  མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ།བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་མའི་ལས་ཞུགས་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་བོད་རིགས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་ཆེད།འདི་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་སྲིད་གཞུང་གིས་ན་ནིང་གི་གཟིགས་སྐྱོང་སྲིད་ཇུས་ཁག་18ལག་བསྟར་བྱས་པའི་རྨང་གཞིའི་ཐོག་ཡང་བསྐྱར་གཟིགས་སྐྱོང་སྲིད་ཇུས་ཁག་17ལག་བསྟར་བྱ་རྒྱུ་ཡིན་པ་རེད།
    རྒྱལ་ཁབ་ཀྱིས་གཏན་འཁེལ་ཁ་གསལ་བྱས་པའི་ལོ་ཚད་ཕུད་ཁ་ལས་གནས་གཞན་དག་ལ་མིང་འགོད་ཡིག་རྒྱུགས་སྤྲོད་པའི་ལོ་ཚད་ཀྱི་ཆ་རྐྱེན་ལྷུག་ཏུ་གཏོང་རྒྱུ་དང་།ཆེད་ལས་ཀྱི་དགོས་མཁོ་དེ་རིགས་ཆེ་གྲས་ལ་གཞིགས་ནས་བཀོད་སྒྲིག་བྱས་ཏེ་བོད་རིགས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མར་མིང་འགོད་རྒྱུགས་སྤྲོད་ཀྱི་གོ་སྐབས་དེ་བས་མང་པོ་སྤྲོད་རྒྱུ།ལས་གནས་མི་འདྲ་བའི་རེ་བར་གཞིགས་ནས་རིག་གནས་ཆུ་ཚད་ཀྱི་ཆ་རྐྱེན་ལེགས་སྒྲིག་ལུགས་མཐུན་བྱ་རྒྱུ།ས་ཁུལ་གྱི་དཀའ་ཚེགས་ཆེ་ཚད་དང་ལོ་གོང་མའི་སློབ་མའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཏེ་རང་སྐྱོང་ཁུལ་ཁག་གི་ལས་གནས་ཐད་བསྡུར་གྲངས་ངེས་ཅན་གྱི་ལས་གནས་གཏན་འཁེལ་གྱི་རྒྱུགས་སྤྲོད་བསྡུ་སྤྱོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ།རང་སྐྱོང་ཁུལ་གྱི་ལས་གནས་ལ་བོད་རྒྱ་(སོག་པོ)སྐད་གཉིས་རྒྱུགས་སྤྲོད་བསྡུ་སྤྱོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ།གཞི་རིམ་དུ་མིང་འགོད་རྒྱུགས་སྤྲོད་མཁན་ཅུང་ཉུང་བའི་རྐྱེན་གྱིས་ལས་གནས་འགའ་ཤས་སྟོང་པར་ལུས་པའི་གནད་དོན་མི་ལྷག་པ་བྱེད་ཆེད་འདི་ལོར་རྫོང་ཚན་པར་བྱས་ནས་རྒྱུགས་སྤྲོད་བསྡུ་སྤྱོད་བྱ་རྒྱུ་དང་བསྡུ་སྤྱོད་བྱས་རྗེས་རྫོང་དེས་གཅིག་གྱུར་ཐོག་ལས་བགོས་རྒྱག་རྒྱུ།བོད་རིགས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་དོན་དངོས་ལ་གཞིགས་ནས་སྤྱིའི་སྦྱངས་འབྲས་ནང་ཡིག་རྒྱུགས་དང་ཁ་རྒྱུགས་ཀྱིས་བཟུང་ཚད་ལེགས་སྒྲིག་འོས་འཚམ་བྱ་རྒྱུ།གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་ཀྱི་སྦྱང་འབྲས་ནང་སྐར་མ་འོས་འཚམ་སྣོན་རྒྱུ།རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱ་དོན་འཁྱོལ་བྱས་ནས་སློབ་ཆེན་ཐོན་པའི་གྲོང་དཔོན་དང་།ནུབ་རྒྱུད་དང་བླངས་པ།རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་བཅས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་མི་སྣར་མུ་མཐུད་དམིགས་བསལ་ཐུགས་ཁུར་གནང་སྟེ་གཞི་རིམ་ནས་མི་སྣ་འདེམས་པའི་བར་ཁྱམས་དང་བགྲོད་ལམ་སོགས་རྒྱ་ཆེར་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:ནུབ་གློག་ཤར་སྐྱེལ་གྱི་གློག་སྐྱེལ་ཨར་ལས8ཀྱིས་ཐེངས་དང་པོར་ཐེག་ཚད་གང་བ་བྱས་ཏེ་འཁོར་སྐྱོད་བྱས།
  • ལེ་ཚན་རྗེས་མ།: རང་ཁུལ་ཐོན་རྫས་ཀྱིས་མི་ཚང་མའི་ཡིད་དབང་འཕྲོག
  • དོ་སྣང་ཆེ་བའི་རྩོམ།