ནུབ་གློག་ཤར་སྐྱེལ་གྱི་གློག་སྐྱེལ་ཨར་ལས8ཀྱིས་ཐེངས་དང་པོར་ཐེག་ཚད་གང་བ་བྱས་ཏེ་འཁོར་སྐྱོད་བྱས།
གངས་སྐྱིད་ཀྱིས་བསྒྱུར། 2014-07-28
ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་བ7པའི་ཚེས17ཉིན་འབྱོར་བའི་གཏམ་གསར།གོང་ཚེས་ཉིན་རྒྱལ་ཁབ་གློག་དྲྭས་ནུབ་གློག་ཤར་དུ་སྐྱེལ་བའི་མཐོ་སྣོན་བརྒལ་བ་དང་ཆེས་མཐོ་སྣོན་གྱི་ཐད་རྒྱུག་གློག་སྐྱེལ་ཨར་ལས8བཙུགས་ཏེ་ཐེངས་དང་པོར་ཐེག་ཚད་གང་བ་བྱས་ཏེ་འཁོར་སྐྱོད་བྱས་ཡོད་ཅིང་།སྤྱི་ལེ་སྟོང་ལས་བརྒལ་ནས་འབྲི་ཆུའི་འགག་མདོ་གསུམ་དང་འབྲི་ཆུ་དང་ཡན་ལག་ཆུ་བོའི་ཕུན་སུམ་ཚོགས་པོའི་ཆུ་གློག་དེ་ཀྲུང་གོའི་ཤར་རྒྱུད་དང་ཀྲུང་གོའི་ལྷོ་རྒྱུད་ས་ཁུལ་དུ་བསྐྱལ་ཡོད།དྭངས་གཙང་ལྷད་མེད་ཀྱི་ནུས་པའི་འབྱུང་ཁུངས་འབོར་ཆེན་སྤྱོད་ནས་ཧྲང་ཧའེ་དང་།ཅང་སུའུ།ཀྲེ་ཅང་།ཀོང་ཏུང་སོགས་ས་ཁུལ་གྱིས་དབྱར་དུས་གློག་སྤྱོད་རྒྱུ་མི་འདང་བར་རོགས་སྐྱོར་བྱས་པ་རེད།
ཀྲུང་གོའི་ཤར་རྒྱུད་ཀྱི་གློག་དྲྭར་འགག་མདོ་གསུམ་དང་།འབྲི་ཆུ།ཉག་ཆུ་བཅས་རིམ་པ་སྟོང་ཝའི་སྟོང་ཁྲི་ཅན་གྱི་ཆུ་གློག་རྟེན་གཞི་འདུས་ཡོད།ཆུ་གློག་འཕྲུལ་འཁོར་གྱི་གློག་འདོན་ཚད་རྒྱལ་ཡོངས་ཀྱི་ཆུ་གློག་འཕྲུལ་འཁོར་གློག་འདོན་ཤོང་ཚད་ཀྱི་བརྒྱ་ཆ44ལ་ཟིན་ནས་རྒྱལ་ཁབ་གློག་དྲྭའི་ཆུ་གློག་འཕྲུལ་འཁོར་ཤོང་ཚད་ཀྱི་བརྒྱ་ཆ68.8ལ་ཟིན་ཡོད་པ་ནི་ཆུ་གློག་ཤོང་ཚད་ཟིན་ཚད་ཆེས་མཐོ་བའི་ས་ཁོངས་ཀྱི་གློག་དྲྭ་ཡིན་ཞིང་།ད་ལོའི་དབྱར་དུས་སུ་ཆུ་གློག་རྟེན་གཞི་ཁག་གིས་གློག་ཤུགས་ཆེན་པོ་འདོན་པའི་རྣམ་པ་སྲུང་འཛིན་བྱས་ཏེ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཆུ་གློག་དྭངས་གཙང་ལྷད་མེད་ཀྱི་ནུས་པའི་འབྱུང་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་ཡོད་ལ།ཀྲུང་གོའི་ཤར་རྒྱུད་དང་།ཀྲུང་གོའི་ལྷོ་རྒྱུད་ས་ཁུལ་གྱི་ཆུ་གློག་ཐེག་ཚད་ལྟེ་གནས་ཀྱི་མེ་གློག་བཟོ་གྲྭས་གློག་འདོན་ཚད་ཉུང་དུ་བཏང་སྟེ་རྡོ་སོལ་འབོར་ཆེན་འབར་ནས་མཁའ་རླུང་བཙོག་འགྱུར་བྱས་པའི་གནས་ཚུལ་མེད་པར་བཟོས་ཡོད།