རང་རྒྱལ་གྱིས་ཁྱོན་ཡོངས་ནས་ཁེ་ལས་འབྲིང་ཆུང་དང་ཞིང་སྡེའི་ཡིད་རྟོན་མ་ལག་བསྐྲུན་པར་སྐུལ་འདེད་གཏང་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2016-06-22

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས14ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་མི་དམངས་དངུལ་ཁང་གིས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི2016ལོའི་རྒྱལ་ཡོངས་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་ལས་ཀའི་ཚོགས་འདུའི་ཐོག་ཆ་འཕྲིན་མངོན་པར་གཞིགས་ན།  ཕྱིན་ཆད་རང་རྒྱལ་གྱིས་སྔར་ལས་ལྷག་པར་ཁེ་ལས་འབྲིང་ཆུང་དང་ཞིང་དུད་ཀྱི་ཆ་འཕྲིན་ཐད་ཀྱི་ཞབས་འདེགས་ཞུ་བར་ལེགས་བཅོས་བྱེད་པ་དེ་འགོ་འཛུགས་ས་བྱས་ཏེ་ཁྱོན་ཡོངས་ནས་ཁེ་ལས་འབྲིང་ཆུང་དང་ཞིང་སྡེའི་ཡིད་རྟོན་མ་ལག་བསྐྲུན་པར་སྐུལ་འདེད་གཏང་རྒྱུ།ཀྲུང་དབྱང་དངུལ་ཁང་གི་འགོ་གཙོའི་ལས་རོགས་པ་དབྱང་ཀྲི་ཆང་གིས་ཚོགས་འདུའི་ཐོག་ཁེ་ལས་འབྲིང་ཆུང་དང་ཞིང་སྡེའི་ཡིད་རྟོན་མ་ལག་བསྐྲུན་རྒྱུ་དེ་ཡིད་རྟོན་གྱི་ཆ་འཕྲིན་བསྡུ་རུབ་དང་།   གདེང་འཇོག  བེད་སྤྱོད་བྱ་རྒྱུ་བཅས་གཙོ་བོར་བྱས་ཏེ།   ཆ་འཕྲིན་བསྡུ་རུབ་ཀྱི་ཞབས་འདེགས་དང་དངུལ་རྩའི་ཞབས་འདེགས་ཞུ་སྟངས་འཐུས་སྒོ་ཚང་དུ་བཏང་བར་བརྒྱུད།   ཁེ་ལས་འབྲིང་ཆུང་གི་གཉེར་ནུས་ཆེ་རུ་གཏོང་བ་དང་།   ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།  ཞིང་དུད་ཀྱིས་མ་དངུལ་བསྡུ་རུབ་བྱེད་པ་བཅས་ལ་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ།  ཕྱིན་ཆད་སྔར་ལས་ལྷག་པར་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་བསྐྲུན་རྒྱུའི་གལ་ཆེ་བའི་གནད་དོན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཡིད་རྟོན་མ་ལག་བསྐྲུན་རྒྱུའི་ལས་ཀ་དེ་ས་གནས་སོ་སོས་འཕར་སྣོན་ཡོང་བར་བརྟན་བརླིང་བྱེད་པ་དང་།  བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ།  དམངས་འཚོ་ལེགས་བཅོས་ལ་ཕན་ཐོགས་པ།  དབུལ་སྐྱོར་གནད་སྨིན་བྱེད་པའི་བར་མཉམ་འབྲེལ་བྱེད་པ།   འབྲེལ་ཡོད་སྡེ་ཁག་དང་དངུལ་རྩ་ལས་ཁུངས་ཀྱི་སྡོམ་ཤུགས་འདོན་སྤེལ་བྱས་ཏེ་ཐུན་མོང་དུ་ས་གནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་བསྐྲུན་པ་དང་གྲུབ་འབྲས་སུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་དོ།།ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་བསྐྲུན་པར་གོང་འཕེལ་མངོན་གསལ་དོད་པོར་ཐོན་པ་དང་།   ཡིད་རྟོན་སྲུང་བར་སྐུལ་མ་གཏོང་དང་ཡིད་རྟོན་མི་སྲུང་བར་ཆད་པ་བཅད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་བྱུང་ཡོད་ལ།  ཡིད་རྟོན་ཐོ་འགོད་ཀྱི་ཆ་འཕྲིན་ཐུན་མོང་དུ་ལོངས་སྤྱོད་དང་སྤྱི་བསྒྲགས་པའི་སྒྲིག་ཆས་ཀྱང་ཐོག་མར་འཛུགས་ཡོད་དོ།།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་གསར་སྒྲོག་སྤེལ་ལྟེ་གནས་བཙུགས་ནས་ལོ་འཁོར་གཅིག་ལོན་པའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་ལོ་གཉིས་ཀྱི་ནང་གྲོང་སྡེ་ཚང་མར་གློག་འཁྲིད་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།