ཀྲུང་གོ་བོད་ཀྱི་དྲ་བ། 2016-06-17
	 
	མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ་ཀྲང་ཝེ་ཡིས་གཏམ་བཤད་གནང་བཞིན་པ།
ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་བའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་བྱས་པ་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་ལས་ཁུངས་ཡོངས་ཀྱིས་མཉམ་དུ་སྤེལ་བའི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་གསར་སྒྲོག་སྤེལ་ལྟེ་གནས་བཙུགས་ཏེ་ལོ་འཁོར་གཅིག་ལོན་པའི་སྨྱན་གསར་སྒྲོག་སྤེལ་མཛད་སྒོ་ཟི་ལིང་རྣམ་རྒྱལ་མགྲོན་ཁང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་མཛད་སྒོར་ཞུགས་པ་མ་ཟད། ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཞང་ཧྥིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་ཀྲང་ཝེ། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཀོན་མཆོག མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཞུས་པིན་བཅས་དང་མཉམ་དུ་བརྙན་ཟློས་ཀྱི་ལམ་ནས་སྨྱན་གསར་སྒྲོག་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།
ཀྲང་ཞི་མེན་གྱིས་མཛད་སྒོའི་སྟེང་བཤད་རྒྱུར། དུས་རབས་ཀྱི་འཕོ་འགྱུར་ཤིན་ཏུ་མགྱོགས་ནའང་། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད། གཞུང་ཕྱོགས་སྨྱན་བྱད་དང་སྒེར་གཉེར་སྨྱན་བྱད་གང་ཡིན་རུང་། ནམ་ཡང་འགྱུར་མི་སྲིད་པ་ནི་ཏང་གིས་སྨྱན་བྱད་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། ང་ཚོས་མཐུན་སྒྲིལ་དང་བརྟན་རླིང་ཡོང་བར་ཤུགས་བསྣན་ཏེ་དྲང་ཕྱོགས་ཀྱི་དྲིལ་སྒྲོག་གླེང་ཕྱོགས་གཙོ་བོར་འཛིན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་སྒྲོག་སྤེལ་བྱེད་ཤུགས་དང་སྣེ་ཁྲིད་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཚད་དང་ཡིད་རྟོན་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་ཟེར།ཀྲང་ཞི་མེན་གྱིས་མཛད་སྒོའི་སྟེང་སྨྱན་བྱད་གསར་བ་འཕེལ་རྒྱས་སུ་གཏོང་བར་ཏང་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཏང་གི་དགོངས་དོན་དུས་རབས་ཀྱི་གླེང་ཕྱོགས་གཙོ་བོར་བསྒྱུར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་འདུན་མ་མངོན་འགྱུར་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། བློ་ཁོག་ཡངས་པོས་མི་དམངས་སེམས་ལ་བཅངས་ནས་དྲིལ་སྒྲོག་ཆེན་པོའི་འདུ་ཤེས་བཟུང་སྟེ་མང་ཚོགས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་དེང་རབས་ཀྱི་སྨྱན་བྱད་གོ་གནས་དམ་འཛིན་བྱས་ཏེ། མུ་མཐུད་དུ་གཙོ་ཁྲིད་གླེང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་མཚོ་སྔོན་གྱི་གླེང་ཕྱོགས་དྲིལ་སྒྲོག་བྱེད་དགོས། དེར་མ་ཟད། བཅོས་སྒྱུར་གསར་སྐྲུན་ལ་གཙིགས་འཛིན་དང་དྲ་ལམ་གྱི་ཁྱོན་ཡོངས་གཅིག་གྱུར་བྱས་ཏེ། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་འབྲེལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཏང་གི་གླེང་ཕྱོགས་དེ་མཉམ་འབྲེལ་དྲ་བའི་སྟེང་བརྒྱུད་སྒྲོག་གང་ལེགས་བྱེད་དགོས་པའི་གྲོས་གཞི་བཏོན།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ