ཞིན་ཧྭ་གསར་འགྱུར་དྲ་བ། 2016-06-17
ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་དཀའ་ཁག་ཆེ་བའི་བྱིས་པའི་འགན་སྲུང་བྱ་བར་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
བསམ་འཆར་ལས་བསྟན་དོན། དཀའ་ཁག་ཆེ་བའི་བྱིས་པའི་ཁྱོན་ཡོངས་འཕེལ་རྒྱས་སུ་གཏོང་བ་གཞིར་འཛིན་ས་དང་རྐང་འཛུགས་ས་བྱས་ཏེ། ཁྱིམ་ཚང་གིས་འགན་འཁུར་བ་དང་སྲིད་གཞུང་གིས་མཛུབ་སྟོན་བྱེད་པ། སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པའི་དཀའ་ཁག་ཆེ་བའི་བྱིས་པའི་འགན་སྲུང་བྱ་བའི་རྣམ་པ་མྱུར་དུ་ཆགས་པར་བྱེད་དགོས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་དང་མཐུན་པའི་དཀའ་ཁག་ཆེ་བའི་བྱིས་པའི་རིགས་བགར་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དཀའ་ཁག་ཆེ་བའི་བྱིས་པའི་ཞབས་ཕྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་། དཀའ་ཁག་ཆེ་བའི་བྱིས་པ་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།
བསམ་འཆར་ལས་དཀའ་ཁག་ཆེ་བའི་བྱིས་པའི་འཚོ་གནས་འཕེལ་རྒྱས་ཀྱི་མདུན་དུ་གནས་པའི་འབུར་ཐོན་གནད་དོན་དང་དཀའ་ཁག་ལ་དམིགས་ཏེ། གཞི་རྩའི་འཚོ་བ་འགན་སྲུང་དང་གཞི་རྩའི་སྨན་བཅོས་འགན་སྲུང་། སློབ་གསོའི་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། ལྟ་ལྟོག་འགན་འཁྲི་དངོས་འབེབས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་བཅས་ཕྱོགས་ལྔའི་ཐད་ལ་ལག་བསྟར་བྱེད་ཐབས་བཏོན།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ