བོད་ལྗོངས་འཕྲིན་དྲ། 2016-05-27
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ65འཁོར་བར་རྟེན་འབྲེལ་ཞུ་ཆེད། གློག་བརྙན《གནམ་མཚོ་སྲུང་བ》ཞེས་པའི་སྟོན་ཐེངས་དང་པོའི་མཛད་སྒོ་དང་གློག་བརྙན་གྱི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤྱི་ཟླ5པའི་ཚེས25ཉིན་ལྷ་སར་སྤེལ་འགོ་ཚུགས་པ་རེད།
《གནམ་མཚོ་སྲུང་བ》ཞེས་པའི་གློག་བརྙན་དེ། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ། ཧྲན་ཏུང་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པ་བཅས་དང་མཉམ་འབྲེལ་ཐོག་པར་ལེན་སྒྲིག་བཟོ་བྱས་པ་ཞིག་རེད།
གློག་བརྙན་དེའི་ནང་། བོད་ལྗོངས་བརྟན་སྲུང་བྱེད་ཅེས་པས་གཙོ་དོན་བྱས་ཏེ་ཆུ་དཔྱད་བོད་སྐྱོར་ལས་བྱེད་པས་བོད་ལ་གཞིས་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་བ་བརྒྱུད། བོད་སྐྱོར་ལས་བྱེད་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བའི་གནས་ཚུལ་གང་ལེགས་མངོན་པར་བྱས་ཡོད།
གློག་བརྙན་དེ་ནི་བོད་སྐྱོར་ལས་བྱེད་པས་བོད་དུ་ཡོད་པའི་ལས་བྱེད་པ་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པའི་སྐོར་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་གློག་བརྙན་ཐོག་མ་དེ་ཡང་རེད། གནམ་མཚོ་སྲུང་བ་ཞེས་པའི་གློག་བརྙན་དེ་སྤྱི་ལོ2014ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ65འཁོར་བར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་གློག་བརྙན་བརྙན་འཕྲིན་ཟློས་གར53གྱི་ཕྱག་རྟགས་བརྩམས་བྱའི་མིང་གཞུང་ནང་ཚུད་པ་དང་། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིག་རྩལ་གསར་རྩོམ་དྲ་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་། སྤྱི་ཟླ5པའི་ཚེས28ཉིན་གློག་བརྙན་དེ་གཞིས་རྩེ་གྲོང་ཁྱེར་དུ་སྟོན་རྒྱུ་རེད། །
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ