བོད་ལྗོངས་ཀྱི་ཞིང་འབྲོག་མི་དམངས་ཁྲི5.3གྱིས་ལྗོངས་རྒྱུར་བརྟེན་ནས་ཡོང་སྒོ་བཙལ།

མིག་དམར་གྱིས་བསྒྱུར།        2014-07-24

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ7པའི་ཚེས16ཉིན་འབྱོར་བའི་གཏམ་གསར། ཉེ་བའི་ལོ་འགའི་ནང་མེ་ཏོག་རྫོང་དུ་ལྗོངས་རྒྱུ་བྱེད་དུ་འོང་བའི་འགྲུལ་པ་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་ཕྱིན། དངུལ་ཁང་གིས་རྒྱབ་སྐྱོར་བྱས་འོག་ངས་སྒོར་ཁྲི་ཁ་ཤས་དངུལ་བུན་ལེན་ནས་རང་གི་ཁྱིམ་དེ་ཁྱིམ་ཚང་གི་འགྲུལ་ཁང་ཞིག་ཏུ་སྒྲིག་བཀོད་བཅོས་བསྒྱུར་བྱས་པ་ཡིན། ན་ལོའི་ལོ་གཅིག་ཁོ་ནར་ཡོང་འབབ་སྒོར་ཁྲི1ལ་ཟིན་པས་ལོ་ཏོག་འདེབས་པ་ལས་ཡོང་འབབ་མཐོ་རུ་འཕེལ་བྱུང་ཅེས་པ་ནི་ན་ལོར་ལྗོངས་རྒྱུ་ལས་རིགས་སྤེལ་བར་བརྒྱུད་ཡོང་འབབ་འཕར་སྣོན་བྱུང་བའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ཞིང་པ་པད་མ་ཆོས་སྒྲོན་གྱིས་བཤད་པའི་སྐད་ཆ་རེད། ཁོ་ཚོས་མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་མཛེས་ལྗོངས་དང་ཁྱད་ཆོས་ལྡན་པའི་མོན་པ་དང་ལྷོ་པ་རིགས་ཀྱི་རིག་གནས་མངོན་པར་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོའི་ཡིད་དབང་འཕྲོག་པ་རེད།
     ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སོགས་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱུང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་ལྗོངས་རྒྱུ་ལས་རིགས་ལ་འཕེལ་རྒྱས་མགྱོ གས་པོ་བྱུང་བ་རེད། ད་ལྟར་བོད་ལྗོངས་སུ་འབྲས་སྤུངས་གྲོང་སྡེའི་གྲོང་མི་ནང་བཞིན་ལྗོངས་རྒྱུ་ལས་རིགས་སུ་ཞུགས་མཁན་གྱི་ཞིང་འབྲོག་པ་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་ཕྱིན་པ་རེད། བྱང་ཐང་དུ་འབྲོག་པ་རྣམས་ཀྱིས་སྦྲ་ཕུབ་སྟེ་འབྲོག་དུད་སྤྲོ་སྐྱིད་ཁང་བྱས་ཏེ་ལྗོངས་རྒྱུ་བ་ལ་ལྷད་མེད་ཀྱི་རྩྭ་ཐང་གི་བཟའ་བཅའ་མཁོ་འདོན་བྱས་པ་མ་ཚད། ལྗོངས་རྒྱུ་པར་རྟ་ཞོན་བཅུག་ནས་སྤྲོ་གསེང་ལྟ་སྐོར་བྱས་བཅུག་ཆོག་པ་རེད།  ལྷ་སའི་ལུང་གཞུང་དུ་ཡོད་པའི་ཞིང་པ་རྣམས་ཀྱིས་བོད་ཁྱིམ་སྤྲོ་སྐྱིད་ཁང་བསྐྲུན་ཏེ་ལྗོངས་རྒྱུ་པ་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྤྲོ་སྐྱིད་གཏོང་ས་ཡོང་བར་སྟབས་བདེ་བཟོས་པ་རེད།
      བོད་ལྗོངས་ལྗོངས་རྒྱུ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2013ལོར་བོད་ལྗོངས་ཀྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མིའི་ཐེངས་གྲངས་ཁྲི1291ལ་སྣེ་ལེན་བྱས་ནས་ལྗོངས་རྒྱུ་ཡོངས་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར165མངོན་འགྱུར་བྱུང་བས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད། དེའི་ནང་ཞིང་སྡེའི་ལྗོངས་རྒྱུ་ལས་རིགས་ལ་འཕེལ་རྒྱས་མགྱོ གས་པོ་བྱུང་བ།  ལྗོངས་ཡོངས་ཀྱི་དུད་ཚང་ཁྲི1.3གྱི་ཞིང་འབྲོག་པ5.3གྱིས་ལྗོངས་རྒྱུ་བར་སྣེ་ལེན་དང་ཞབས་ཕྱི་བྱས་ཏེ་དུད་ཚང་རེའི་ཆ་སྙོམས་ཡོངས་འབབ་སྒོར་ཁྲི2.5དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར6000འཕར་སྣོན་བྱུང་བ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་དོན། བོད་ལྗོངས་ཀྱིས་ད་ལོར་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་རིམ་པ་དང་ཞབས་ཕྱི་དོ་དམ་གྱི་ཆུ་ཚད། མགྲོན་པོ་ཡོང་ཁུངས་ཚོང་རའི་གནས་ཐིག་གཏན་འཁེལ་བཅས་མཐོ་རུ་གཏོང་གང་ཐུབ་བྱས་ཏེ། ལྗོངས་རྒྱུ་དང་རིག་གནས། སྐྱེ་ཁམས་ཕྱོགས་གསུམ་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱས་ཏེ་བོད་ལྗོངས་ལྗོངས་རྒྱུ་ལས་རིགས་ཀྱི་ཆུ་ཚད་མཐོན་པོ་བསྐྲུན་རྒྱུ་ཡིན་པ། ཞིང་གྲོང་གི་ལྗོངས་རྒྱུ་ལས་རིགས་དེ་སྔར་བཞིན་གཙོ་གནད་དུ་འཕེལ་རྒྱས་བཏང་ནས་ཞིང་འབྲོག་མི་དམངས་དེ་བས་མང་པོས་ཡོང་འབབ་གསར་སྐྲུན་དང་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ནང་སོག་གིས་ལྷད་མེད་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་སའི་རྟེན་གཞི་ཇེ་མགྱོ གས་སུ་བསྐྲུན།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར900ཉེ་བ་བཏང་སྟེ་ཞིང་སྡེའི་འོས་འགན་སློབ་གསོའི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།