ནང་སོག་གིས་ལྷད་མེད་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་སའི་རྟེན་གཞི་ཇེ་མགྱོ གས་སུ་བསྐྲུན།
མིག་དམར་གྱིས་བསྒྱུར། 2014-07-24
ཞིན་ཧྭ་གསར་འགྱུར་ཁང་ཧོའུ་ཧོ་ཧའོ་ཐེ་ནས་ཟླ་བ7པའི་ཚེས17ཉིན་འབྱོར་བའི་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་དོན། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འོ་མ་དང་ལུག་ཤ། ལུག་བལ་འཇམ་པོ། རའི་ཁུ་ལུ་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་ས་ཡིན་པའི་ཆ་ནས་ནང་སོག་གིས་ལྷད་མེད་དང་ཁྱད་ཆོས་ལྡན་པ། སྐྱེས་ཁམས་ཀྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྷད་མེད་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱས་ནས་ཕྱིར་གཏོང་བྱེད་སའི་རྟེན་གཞི་ཇེ་མགྱོ གས་སུ་བསྐྲུན་པ་རེད།
ཉེ་བའི་ལོ་ཤས་རིང་། ནང་སོག་གི་འོ་མ་དང་ལུག་ཤ། ལུག་བལ་འཇམ་པོ། རའི་ཁུ་ལུ། ཉི་མའི་མེ་ཏོག་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་སྲན་ཆེན་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན། ཞོག་ཁོག་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་ཡིན་པའི་རྣམ་པ་རྒྱུན་བརྟན་བྱས་པ་རེད།
ནང་སོག་ཞིང་འབྲོག་ལས་རིགས་ཐིང་གི་ཐིང་ཀྲང་ཀུའོ་ཅན་གྱིས་བཤད་དོན། ནང་སོག་གི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ལས་རིགས་དེ་རྡོ་སོལ་དང་ལྕགས་བཞུ་རྗེས་ཀྱི་ས་ཁུལ་གྱི་འདེགས་སྐྱོར་ཐོན་ལས་ཨང་གསུམ་པར་གྱུར་ཡོད་། ད་ལྟར་རྒྱལ་ཁབ་རིམ་པའི་ཞིང་འབྲོག་ལས་རིགས་ཀྱི་ཐོན་ལས་ཅན་གྱི་གཙོ་གནད་ཀྱི་གཙོ་ཁྲིད་ཁེ་ལས38དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་རིགས་ཀྱི་ཐོན་ལས་ཅན་གྱི་གཙོ་གནད་ཀྱི་གཙོ་ཁྲིད་ཁེ་ལས566ཡོད་པ་རེད། ཕྱིན་ཆད་ནང་སོག་གིས་གཙོ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་སྒྲིག་འཛུགས་བྱས་པར་བརྟེན་ནས་ནང་སོག་ས་ཁོངས་ཀྱི་དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ལ་ཚོང་རྟགས་སྙོམས་སྒྲིག་བྱས་བྱས་ཏེ་ཁྱོན་ཡོངས་ནས་ཚོང་རྟགས་ཆེན་པོའི་འཐབ་ཇུས་ལ་སྐུལ་འདེད་བྱས་པ་དང་མཉམ་དུ། ནང་སོག་གིས་ཞིང་འབྲོག་ལས་རིགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་རྫས་ཐོན་སའི་ཁོར་ཡུག་ལ་སྤུས་ཀའི་བདེན་དཔང་ར་སྤྲོད་བྱས་ཤིང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀར་ཉེན་མེད་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་དང་ཕུགས་འདེད་མ་ལག་གི་འཛུགས་སྐྲུན་བྱ་རྒྱུ་སོགས་ལ་སྐུལ་འདེད་བྱ་རྒྱུ་རེད།