མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་འདི་མི་ཉམས་ཡུན་གནས་ཀྱི་བརྗོད་གཞི་ལ་རྩིས།

ཨ་མགོན་གྱིས་བསྒྱུར།        2016-05-24

སྤྱི་ཟླ5པའི་ཚེས15ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ལྟ་ཞིབ་ཚོ་ཆུང་བཞི་པ་ཁྲིད་ནས་རང་ཁུལ་དུ་ཕེབས་ཏེ་ལྟ་ཞིབ་ཁྲིད་སྟོན་གྱི་ལས་ཀ་སྤེལ་བ་རེད།ལྟ་ཞིབ་ཚོ་ཆུང་གིས་ཆེད་དུ་རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་རེད། སྙན་སེང་ཞུ་བའི་ཚོགས་འདུ་དེ་ཁུལ་ཨུའི་ཧྲུུའུ་ཅི་གཞོན་པ་ལི་ཅང་གིས་གཙོ་འགན་བཞེས་པ་རེད།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་སུའུ་ཝེན་གྱིས་རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་རེད།
ལས་ཀའི་སྙན་སེང་ལ་གསན་འཇོག་གནང་རྗེས། ནོར་བུ་རྒྱལ་མཚན་གྱིས་གསུངས་དོན། དཀར་མཛེས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་བཞིའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏང་རྒྱུའི་ནང་མཉམ་འདྲེས་བྱས་ཏེ་བསམ་ཕྱོགས་གསར་སྒྱུར་དང་རང་འགུལ་གྱིས་འགན་ཁུར་བ། ཧུར་ཐག་གིས་ལས་ཀ་བསྒྲུབས་ནས་ལས་འགན་སོ་སོ་དོན་འཁྱོལ་བྱས་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།
ནོར་བུ་རྒྱལ་མཚན་གྱིས་དཀར་མཛེས་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་སྔར་ལྷག་གིས་ཆབ་སྲིད་ཀྱི་གོ་རྟོགས་ཇེ་དྲག་ཏུ་བཏང་སྟེ་ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བྱས་ནས་མི་རིགས་ལས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། འཕེལ་རྒྱས་གཏང་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རིམ་བཞིན་དུ་དམངས་འཚོ་ལེགས་བཅོས་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་པ་དང་།ཏན་ཏིག་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་དགེ་མཚན་ཉམས་སུ་མྱོང་དུ་འཇུག་དགོས།ཁྲིམས་ལུགས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོང་བྱས་ནས་ཏན་ཏིག་གིས་བཅའ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་སྔར་ལྷག་གིས་མི་རིགས་བར་གྱི་འབྲེལ་བར་སྐུལ་འདེད་གཏང་དགོས། སྒྲིག་སྲོལ་གྱི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བར་བརྟེན། རྒྱུན་ཆད་མེད་པར་གནས་བབ་གསར་པའི་ཁྲོད་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།  
  • ལེ་ཚན་སྔོན་མ།:མིའི་མགོ་བོ་བརྗེ་བའི་གཤགས་བཅོས་ཐོག་མ་དེ་བྱེད་གྲབས་ཡོད། མགོ་བོ་བརྗེ་བར་ཆུ་ཚོད36དགོས་ཤིང་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལྷག་དགོས།
  • ལེ་ཚན་རྗེས་མ།:༢༠༡༦ལོའི་པེ་ཅིན་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་སུ་ཀན་ལྷོའི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་མཚར་སྡུག་ངོམས།
  • དོ་སྣང་ཆེ་བའི་རྩོམ།