མཚོ་སྔོན་གསར་འགྱུར་དྲ་བ། 2016-05-11
	
	སྤྱི་ཟླ5བའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབྱི་ཏ་ལི་རྒྱལ་ཁབ་ཀྱི་རོ་མ་གྲོང་ཁྱེར་ནས་བསྡུས་པའི་འཛམ་གླིང་འདུར་རྒྱུག་གི་ཐུན་མོང་ལེགས་སྐྱེས་འགྲན་སྡུར་ཁྲོད་དུ། བོད་རིགས་བུ་མོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་སྤྱི་ལེ20བུད་མེད་འདུར་རྒྱུག་གི་ཐུན་མོང་གི་བྱ་དགའ་ཨང་དང་པོ་དང་། སྒེར་གྱི་བྱ་དགའ་ཨང་གསུམ་པ་ཐོབ།འཛམ་གླིང་འདུར་རྒྱུག་གི་ཐུན་མོང་ལེགས་སྐྱེས་འགྲན་སྡུར་ནི་ཡུལ་དེའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན། དབྱི་ཏ་ལི་རྒྱལ་ཁབ་ཀྱི་རོ་མ་གྲོང་ཁྱེར་ནས་བསྡུས་ཤིང་། ཉིན་དང་པོའི་འགྲན་རིམ་ཁྲོད་དུ། ཀྲུང་གོ་རུ་ཁག་གིས་ཕལ་ཆེར་བྱ་དགའ་ཨང་དང་པོ་ཚང་མ་འཁྱེར། ཉིན་ཐོག་མའི་མི་སྒེར་གྱི་འགྲན་རིམ་དང་ཐུན་མོང་གི་འགྲན་རིམ་བཞིའི་ཁྲོད་དུ། ཀྲུང་གོ་རུ་ཁག་གིས་གསེར་གྱི་རྟགས་མ་བདུན་དང་དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་གཅིག་བཅས་བླངས།རྒྱུས་ལོན་བྱུང་བ་ལྟར་ན། འགྲན་སྡུར་འདི་ལ་སྔོན་མར་རྒྱལ་སྤྱིའི་མཆོངས་རྒྱུག་འདུར་གསུམ་གྱི་འཛམ་གླིང་བུམ་པ་ཞེས་འབོད་ཅིང་། ད་ལོར་འདུར་རྒྱུག་གི་ཐུན་མོང་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་ཞེས་བཏགས། སྤྱི་ལེ་ཉི་ཤུ་ཅན་གྱི་བུད་མེད་འདུར་རྒྱུག་ནི་ཉིན་ཐོག་མའི་ཆེས་མཇུག་མཐར་སྤེལ་བ་དང་། ཀྲུང་གོ་རུ་ཁག་གི་ལུས་རྩལ་པ་ལིག་ཧུང་གིས་མཇུག་མཐར་དུས་ཚོད་གཅིག་དང་སྐར་མ་ཉེར་ལྔ་སྐར་ཆ་ང་དགུའི་དུས་ཡུན་ནང་བྱ་དགའ་ཨང་དང་པོ་བླངས་ལ། མོ་ཞི་ཁོ་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཀང་སཱ་ལེ་ཟི་ཡིས་རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་དྲུག་སྐར་ཆ་བཅུ་བདུན་སྤྱད་མཐར་བྱ་དགའ་ཨང་གཉིས་པ་བླངས། བོད་རིགས་བུད་མེད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་དྲུག་སྐར་ཆ་ཞེ་དགུའི་དུས་ཡུན་ནང་བྱ་དགའ་ཨང་གསུམ་པ་བླངས། ཐུན་མོང་གི་རྒྱུག་འབྲས་རིམ་བཀར་ཁྲོད་དུ། ཀྲུང་གོ་རུ་ཁག་གིས་ཐུན་མོང་གི་བྱ་དགའ་ཨང་དང་པོ་འཁྱེར་བ་དང་། ཨོ་སི་ཁྲུ་ལི་ཡའི་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཁོ་ལོམ་པི་ཡ་རུ་ཁག་ལ་བྱ་དགའ་ཨང་གསུམ་པ་ཐོབ།འདིའི་སྔོན་ལ་ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་ལིས་ཨོ་མ་ཡེ་ཨར་ནས་བསྡུས་པའི་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་སྤྱིའི་མཆོངས་རྒྱུག་འདུར་གསུམ་འགྲན་སྡུར་གྱི་ཕུའུ་ཐའོ་ཡ་འགྲན་རིམ་གྱི་འགྲན་སྡུར་ཁྲོད་དུ། ཆོས་དབྱིངས་སྐྱིད་ཀྱིས་རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་བདུན་སྐར་ཆ་ང་གཉིས་ཀྱི་ནང་དམིགས་སར་ཐོན་ནས། མཐར་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་བླངས།
	
	
	
	 
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ