རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་དབང་ཆ་དྲང་གཞག་ཡིན་པར་ཁག་ཐེག་ནན་པོ་བྱ་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2016-04-18

དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་གོང་ཚེས་ཉིན་མཉམ་དུ་རྒྱལ་ཡོངས་ཀྱི་ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་བརྙན་བརྡའི་འགུལ་ཚད་ཚོགས་འདུ་འཚོགས། དམངས་སྲིད་པུའུ་ཡི་པུའུ་ཀྲང་ལི་ལི་གོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་ཐད་ཀྱི་དབང་ཆ་དང་། གོ་སྐབས། སྒྲིག་ལམ་བཅས་དྲང་གཞག་ཡིན་པར་ཁག་ཐེག་ནན་པོ་བྱ་རྒྱུ་དང་། རྒྱུན་ཆད་མེད་པར་སྲིད་གཞུང་གི་མ་མཐའི་ཚད་གཞི་སྲུང་བའི་འགན་འཁྲི་ཇེ་དྲག་བཏང་སྟེ་རོགས་སྐྱོར་བྱ་རྒྱུའི་ཆ་རྐྱེན་འཛོམས་པར་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
  ངོ་སྤྲོད་བྱས་པར་གཞིགས་ན། གཞུང་གཉེར་ལས་ཁུངས་ཀྱིས་ཆེས་མ་མཐའི་ཚད་གཞི་སྲུང་བའི་འགན་སྲུང་འགན་འཁྲི་ཇེ་དྲག་ཏུ་གཏང་ཆེད། དམངས་སྲིད་པུའུ་ཡིས་ད་རུང་ཞིང་སྡེའི་རོགས་སྐྱོར་ལས་ཁུངས་ཀྱི་སྒྲིག་ཆས་ཚད་གཞིར་སླེབས་པར་སྐུལ་འདེད་མགྱོགས་པོ་བཏང་སྟེ། འཚོ་བ་རང་འགོ་ཐོན་མི་ཐུབ་པའི་ཆེས་དཀའ་ངལ་ལྡན་པའི་མི་སྣར་གཅིག་གྱུར་གྱིས་རོགས་སྐྱོར་བྱེད་པར་ཆ་རྐྱེན་འདོན་སྤྲོད་བྱ་རྒྱུ།
  ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཝེ་ཕིང་གིས་བཤད་པར། ལམ་ལུགས་ལག་ལེན་བསྟར་བའི་དུས་ཐོག་མར་ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་གཞན་དག་གི་སྤྱི་ཚོགས་ཀྱི་རོགས་སྐྱོར་ལམ་ལུགས། སྤྱི་ཚོགས་ཀྱི་ཉེན་འགོག་ལམ་ལུགས། སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས་བཅས་ཀྱི་བར་ཕན་ནུས་ལྡན་པའི་སྒོ་ནས་མཐུན་སྦྱོར་ཡག་པོ་བྱ་རྒྱུ།  ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་རྩའི་སྔོན་རྩིས་ལ་བཀོད་སྒྲིག་ཡག་པོ་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་གལ་ཆེ་བའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྤྲོད་དགོས་མཁོ་འགན་སྲུང་ནན་པོ་བྱེད་པ་དང་། ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་ལམ་ལུགས་བདེ་བླག་ངང་ལག་ལེན་བསྟར་བར་ཁག་ཐེག་ནན་པོ་བྱ་རྒྱུ། དུས་མཚུངས་སུ་སྤྱི་ཚོགས་རོགས་སྐྱོར་ཀྱི་ཐོན་ཁུངས་ལེགས་སྒྲུག་ཕྱོགས་བསྡུས་མགྱོགས་པོ་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་ལག་འཛུགས་པར་གཅིག་གྱུར་གྱིས་སྐུལ་འདེད་གཏང་རྒྱུ་ཡིན་པའོ།།
  • ལེ་ཚན་སྔོན་མ།:ལག་བསྟར་ཨང་བཅུ་པའི་ཕྱིར་ལོག་རང་བཞིན་གྱི་ཚན་རིག་ཉམས་ཞིབ་འཁོར་སྐར་བཏང་ནས་ལམ་ལྷོངས་བྱུང་།
  • ལེ་ཚན་རྗེས་མ།:ཟླ་བ6པའི་ཚེས30ཉིན་གྱི་སྔོན་དུ་མི་དོན་སྤྱི་ཚོགས་པུའུ་ཡིས་ལུས་གསོའི་ལས་གཞི20གཞི་རྩའི་སྨན་བཅོས་ཉེན་འགོག་ནང་བསྣན་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།