ལག་བསྟར་ཨང་བཅུ་པའི་ཕྱིར་ལོག་རང་བཞིན་གྱི་ཚན་རིག་ཉམས་ཞིབ་འཁོར་སྐར་བཏང་ནས་ལམ་ལྷོངས་བྱུང་།

        2016-04-13

ཟླ་བ4པའི་ཚེས6ཉིན་གྱི་ཞོགས་པ་སྔ་མོའི་ཆུ་ཚོད་དང་པོའི་སྐར38སྐབས་སུ། རང་རྒྱལ་གྱི་ས་སྙིང་འཐེན་ཤུགས་ཕྲ་རབ་ཀྱི་ཚན་རིག་ཉམས་ཞིབ་འཁོར་སྐར་དང་པོ་སྟེ་ལག་བསྟར་ཨང་རྟགས་བཅུ་པའི་ཕྱིར་ལོག་རང་བཞིན་གྱི་ཚན་རིག་ཉམས་ཞིབ་འཁོར་སྐར་དེ་སྔོན་བཀོད་གཏང་རྒྱུའི་དུས་ཚོད་ལྟར། རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པས་ཅིའུ་ཆིའུ་འཁོར་སྐར་འཕེན་པའི་ལྟེ་གནས་སུ་དུས་བཀག་ལྟར་བར་སྣང་དུ་བཏང་བ་རེད། འཁོར་སྐར་འདི་སྔོན་དཔག་གི་བགྲོད་ལམ་དུ་བསྐྱོད་དེ་བཏང་བའི་ལས་འགན་ལམ་ལྷོངས་བྱུང་། པར་འདི་ནི་ལག་བསྟར་ཨང་བཅུ་པའི་འཁོར་སྐར་ཁྱེར་པའི་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པས་བར་སྣང་དུ་འཕུར་སྐྱོད་བྱེད་བཞིན་པའི་ཚུལ་རེད།
  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ་ཞེས་པ་འཛུགས་རྒྱུར་ཆོག་མཆན་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དཀའ་ངལ་ལྡན་པའི་མི་སྣར་རོགས་སྐྱོར་བྱེད་པའི་དབང་ཆ་དྲང་གཞག་ཡིན་པར་ཁག་ཐེག་ནན་པོ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།