རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ་ཞེས་པ་འཛུགས་རྒྱུར་ཆོག་མཆན་གནང་།

        2016-04-13

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་སྟེ2016ལོ་ནས་བཟུང་། ལོ་ལྟར་གྱི་ཟླ4ཚེས24ཉིན་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ་ཞེས་པར་གཏན་འཁེལ་བྱ་རྒྱུར་མོས་མཐུན་གནང་བ་དང་སྦྲགས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་ཕྲའི་ལས་དོན་སྤེལ་དགོས་པ་ཁ་གསལ་བསྟན་ཡོད། གསར་འགོད་པས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ་དང་པོ་དེར་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྒོ་དབྱེའི་ཉིན་མོ་དང་ཚན་རྩལ་ཁྱབ་གདལ་གཟའ་འཁོར་སོགས་དྲིལ་བསྒྲགས་དང་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྩིས་ཡོད་པ་རེད། མིག་སྔའི་བར་རང་རྒྱལ་གྱི་སྲུང་སྐར་ཞིབ་བཟོ་དང་འཕེན་གཏོང་གི་ནུས་པ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་པ་དང་། འཁོར་ལམ་ཐོག་འཁོར་སྐྱོད་བརྟན་པོ་ཡོད་པའི་སྲུང་སྐར་རིགས130ལྷག་ཙམ་ཡོད་པ་རེད།།
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་སློབ་ཆེན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མིང་རྟགས་འགོད་པའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལག་བསྟར་ཨང་བཅུ་པའི་ཕྱིར་ལོག་རང་བཞིན་གྱི་ཚན་རིག་ཉམས་ཞིབ་འཁོར་སྐར་བཏང་ནས་ལམ་ལྷོངས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།