ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-04-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་ཉེ་ལམ་པེ་ཅིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། ཚོགས་ཡུན་ཉིན་ལྔ་རིང་གི་གསོ་སྦྱོང་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྱད་པར་དུ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་གཙོ་བོར་བཟུང་སྟེ། སློབ་ཁྲིད་དང་རང་སྦྱོང་། བཞུགས་མོལ་བཅས་བྱེད་པའི་བྱེད་ཐབས་མང་པོ་སྤྱད་དེ། རྒྱ་ཆེའི་རྩོམ་པ་པོས་མི་དམངས་གཙོ་བོར་འཛིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དམ་པོ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱལ་གོང་འཕེལ་དུ་གཏོང་བར་ཁྲིད་སྟོན་བྱས། རྒྱལ་ཡོངས་ཀྱི་རྩོམ་པ་པོ་གྲགས་ཅན་དང་རིག་རྩལ་དཔྱད་བརྗོད་པ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ས་གནས་སོ་སོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་མི་ཉིས་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས།  །

 
  • ལེ་ཚན་སྔོན་མ།:མདོ་ལ་རི་བོ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རུ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཚན་རིག་མཐུན་ཚོགས་ཁོངས་གཏོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་ལག་བསྟར་ཟུས་གཞི»དཔར་ནས་བཀྲམས།
  • དོ་སྣང་ཆེ་བའི་རྩོམ།