མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-04-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གིས་མདོ་ལ་རི་བོ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རུ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་སོགས་ཀྲུང་དབྱང་གི་འགོ་ཁྲིད་རྣམ་པས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དྲུང་ཡིག་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དྲུང་ཡིག་ཅུའུ་ཡི«མཚོ་སྔོན་མདོ་ལ་རི་བོ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རུ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འབྲེལ་བའི་ཞིབ་བཤེར་སྙན་ཞུའི»སྟེང་གི་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྱི་ཚོགས་འདུའི་སྙིང་སྟོབས་རྒྱུད་སྒྲོག་ལག་བསྟར་བྱས་ལ། སྐབས་སྔོན་མའི་བྱ་བར་སྤྱི་བསྡོམས་དང་ད་ལོའི་བྱ་བའི་འགན་ཁུར་ལ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་བང་ལིས་མིན་གཉིས་ཀྱིས་སོ་སོར་གཏམ་བཤད་བྱས།
ཚོགས་འདུ་ལས་བསྟན་དོན། མདོ་ལ་རི་བོ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རུ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་རྒྱ་ཆེར་སྤེལ་བ་ནས་བཟུང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་སོ་སོས་མཐུན་སྦྱོར་ནན་མོ་དང་བདེན་འཚོལ་དངོས་གཉེར་གྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཐོག་མའི་གྲུབ་འབྲས་བླངས། འོན་ཀྱང་གྲབ་འབྲས་དེ་ནི་ད་རུང་དུས་རིམ་རང་བཞིན་ཡིན་པས་ཀྲུང་དབྱང་གི་རེ་བ་དང་ཞིང་ཆེན་གྱིས་བཏོན་པའི་དམིགས་འབེན་དང་བསྡུར་ན་བར་ཐག་ཆེན་པོ་ཡོད་པས་ངེས་པར་དུ་སྔར་ལས་ཤུགས་ཡོད་ཀྱི་བྱེད་ཐབས་བཀོལ་ནས་རྩ་བ་ནས་བཅོས་བསྒྱུར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཛུབ་སྟོན་གལ་ཆེན་དང་གཏམ་བཤད་ཀྱི་སྙིང་སྟོབས་གཞིར་བཟུང་ཏེ། སྔར་ལས་ལྷག་པའི་སྒོ་ནས«འདུ་ཤེས་བཞི»ཡི་ཤུགས་ཇེ་ཆེར་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་སྲ་བརྟན་དུ་བཙུགས་ནས། ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་སྟེང་བསམ་བློ་གཅིག་གྱུར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་འགོ་ཁྲིད་རྩ་འཛུགས་བྱེད་པར་ཤུགས་སྣོན་པ་དང་བྱ་བའི་འགན་ཁུར་དོན་འཁྱོལ་ཡོང་བར་བྱེད་པ་དང་། སྟོབས་ཤུགས་ཡོད་དགུ་བཏོན་ནས«མུ་རུ་གཏེར་ཁུལ་གྱི་2016ལོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ལག་བསྟར་འཆར་འགོད»དང«སྲུང་སྐྱོབ་ས་ཁུལ་དོ་དམ་ལེགས་བཅོས་བྱ་བའི་འཆར་འགོད»གཏན་ལ་ཕབ་པ་དང་དུས་ལྟར་ད་ལོའི་ཕྱོགས་བསྡུས་བཅོས་སྐྱོང་འགན་ཁུར་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10