སྲིད་གཞུང་ལས་དོན་སྙན་ཞུའི་ནང་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་ལེན་བྱས་ཚད་བརྒྱ་ཆ་བརྒྱད་ཅུར་ཟིན་ཡོད།

བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།        2016-04-06

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ3པའི་ཚེས18ཉིན་འབྱོར་བའི་གཏམ་གསར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་འཇུག་ཁང་ཆ་འཕྲིན་སིའི་སི་ཀྲང་ལིའུ་ཡིང་ཅེས་གོང་ཚེས་ཉིན་གསུངས་དོན།ད་ལོར་ཚོགས་ཆེན་གཉིས་ཀྱི་རིང་ལ་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་ཁྱོན་བསྡོམས100ལྷག་བསྡུས་ནས་ལེགས་སྒྲིག་བྱས་ཤིང་།དེའི་ནང་བསམ་འཆར80ལྷག་དང་ལེན་བྱས་ཡོད་པ་དང་ལེན་བྱེད་ཚད80%ཟིན་ཡོད།ལིའུ་ཡིང་ཅེས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཁྱབ་བརྡ་ཚོགས་འདུའི་ཐོག་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་བསྡུ་ལེན་བྱས་རྗེས།སྲིད་གཞུང་ལས་དོན་གྱི་སྙན་ཞུར་དག་བཅོས་བྱ་དགོས་ས61ལ་དག་བཅོས་བྱས་ཡོད་ཅིང་།དེའི་ནང་དག་བཅོས་བྱེད་ས་ལ་ལའི་ནང་དུ་བསམ་འཆར་ཁ་ཤས་འདུས་ཡོད།སྔོན་ཆད་སྤྱིར་བཏང་དག་བཅོས་བྱེད་ས20ཡས་མས་བཅོས་མེད་ཅིང་ན་ནིང30ཙམ་དག་བཅོས་བྱས་ཡོད་ཅེས་གསུངས་པ་རེད།
  ལིའུ་ཡིང་ཅེས་གསུངས་དོན།འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་ཐད་ང་ཚོས་བསྡུ་འོས་པ་རྣམས་སྡུད་གང་ཐུབ་བྱས་ཤིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་དང་འབྲེལ་བ་ཡོད་པའི་བསམ་འཆར་རྣམས་ནི་ཁོ་ཚོར་ཞིབ་འཇུག་བྱ་རྒྱུ་བརྒྱུད་སྤྲོད་བྱས་ཡོད།བསམ་འཆར་ཁ་ཤས་སྙན་ཞུའི་ཚིག་ཚོགས་དང་སྐད་ཡིག་སོགས་ཀྱིས་བཀག་སྡོམ་བྱས་པར་བརྟེན་བསྡུ་ལེན་བྱེད་མི་བདེ་བ་རྣམས།ལས་བྱེད་མི་སྣ་མངགས་ནས་འཐུས་མི་དང་ཨུ་ཡོན་ལ་འགྲེལ་བཤད་གསལ་བོ་བྱེད་བཅུག་ཡོད།།
  • ལེ་ཚན་སྔོན་མ།:མ་འོངས་ལོ༥ཡི་ནང་རྒྱལ་ཁབ་ཀྱིས་ཞིང་པ་ལས་མི་ཁྲི༡༥༠ཡི་སློབ་རྒྱུས་ཀྱི་རྒྱུན་མཐུད་སློབ་གསོར་རོགས་དངུལ་སྤྲད་རྒྱུ།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བརྟག་དཔྱད་བྱེད་གནས༨༡གི་ལས་འགན་གྲུབ་པ་ཁྱབ་བསྒྲགས་བཏང་།
  • དོ་སྣང་ཆེ་བའི་རྩོམ།