ཟླ་བ2པའི་ཚེ24ཉིན་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སི་ཁྲོན་ཚོང་པ་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཏོང་འཇོག་གི་ཐེབས་རྩ་དེ་ཁྲེང་ཏུའུ་རུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། ཉེ་ཆར་བསྡུ་རུབ་བྱས་པའི་མ་དངུལ་སྒོར་དུང་ཕྱུར20ཡོད་ཅིང་། མ་དངུལ་གཏོང་འཇོག་བྱེད་གྲབས་ཡོད་པའི་རྣམ་གྲངས་དང་པོ་ཡང་ཐུག་འབྲེལ་ཟབ་མོ་བྱེད་འགོ་ཚུགས།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་སི་ཁྲོན་ཚོང་པ་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སི་ཁྲོན་ཚོང་པ་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐེབས་རྩ་བཙུགས་ཏེ་ཞིང་ཆེན་ཕྱི་རོལ་དང་རྒྱལ་ཕྱིའི་སི་ཁྲོན་ཐེམ་ཐོའི་ཚོང་པ་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པར་སྣེ་ཁྱེད་བྱ་དགོས་པའི་གྲོས་གཞི་བཏོན། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་གནང་ཡོད་ཅིང་། ཞིབ་འཇུག་བྱས་ཏེ་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར3བཏང་སྟེ། སི་ཁྲོན་གྱི་ཁེ་ལས་དང་། གཞན་ཡུལ་དུ་ཡོད་པའི་སི་ཁྲོན་ཚོང་ཚོགས་བཅས་སྤྱི་ཚོགས་ཀྱི་མ་རྩ་དང་དངུལ་རྩ་ལས་ཁུངས་ཀྱིས་མ་དངུལ་གཏོང་འཇོག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐུན་མོང་དུ་སི་ཁྲོན་གྱི་ཚོང་པ་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་འབྱེད་བྱེད་པའི་མ་དངུལ་གཏོང་འཇོག་གི་ཐེབས་རྩ་འཛུགས་པའི་གྲོས་ཐག་བཅད་ཡོད་དོ།།