རང་རྒྱལ་གྱི་གཙང་སྦྲའི་ནུས་ཁུངས་གཙོ་ཐོན་ཡིན་པའི་ཞིང་ཆེན་ཆེན་པོ་དང་ནུས་ཁུངས་སྐྱེལ་འདྲེན་ལྟེ་གནས་ཡིན་པར་མཚོན་ན། སི་ཁྲོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྤུས་ལེགས་ཤིང་གཙང་སྦྲའི་ནུས་ཁུངས་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུ་དང་། གཙང་སྦྲ་དང་ཕན་ནུས་ཆེན་པོའི་ནུས་ཁུངས་འཛད་སྤྱོད་བྱ་རྒྱུའི་མིག་དཔེ་ཆགས་པར་སྐུལ་འདེད་ཧུར་ཐག་གཏོང་བ། ནུས་ཁུངས་ཁྱབ་ཁོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། རང་རྒྱལ་གྱི་ནུས་ཁུངས་གསར་བརྗེ་རྒྱལ་ཁ་ཐོབ་པར་བྱེད་སྟངས་དང་ཉམས་མྱོང་གསར་པ་གསོག་རྒྱུ།
ཐོན་ཁུངས་ཀྱི་མཐུན་རྐྱེན་མངོན་གསལ་དོད་པ་དང་སྔོན་དུ་འགྲོ་བའི་ཚན་རྩལ་སྒྲིག་སྦྱོར་ལ་བརྟེན་ནས། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་ཤུགས་ཆེན་པོས་ཚན་རིག་ལ་བརྟེན་ནས་གཙང་སྦྲའི་ནུས་ཁུངས་གསར་སྦོལ་དང་དམིགས་སུ་བཀར་ནས་གསར་སྦོལ་བྱེད་པར་སྐུལ་འདེད་བཏང་བས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་གཙང་སྦྲའི་ནུས་ཁུངས་ཀྱི་ཐོན་ནུས་ཇེ་ཆེ་རུ་བྱུང་བ་དང་། ཆུ་གློག་གི་གློག་འདོན་ཚད་ཆ་སྙོམས་ལོ་རེར་བརྒྱ་ཆ 18.5འཕར་བ་དང་།
རང་བྱུང་སོལ་རླངས་ཀྱི་ཐོན་ནུས་ཆ་སྙོམས་ལོ་རེར་བརྒྱ་ཆ 13.5འཕར་བ། རླུང་གློག་དང་འོད་ནུས་སོགས་ཀྱི་ཐོན་ཁུངས་མེད་ནས་ཡོད་པ་བྱུང་སྟེ་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི122.6ལ་ཟིན།
ན་ནིང་སི་ཁྲོན་ཞིང་ཆེན་གྱིས་ཕྱིར་ཆུ་གློག་བཏང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1226ཡོད་ཅིང་། གཙང་སྦྲའི་ཆུ་གློག་ཐོན་ཁུངས་འདི་དག་གིས་ཡུལ་འདི་གའི་སོལ་རླངས་ཀྱིས་གློག་འདོན་པའི་ཚབ་བྱས་པས། གློག་སྤྱོད་པའི་ས་ཁུལ་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི4000གྲོན་ཆུང་བྱེད་པ་དང་དབྱང་གཉིས་སོལ་འགྱུར་ཏུན་དུང་ཕྱུར1ཉུང་དུ་གཏོང་བ་དང་འདྲ་བ་རེད།
ཉེ་ཆར། སི་ཁྲོན་གྱིས་ཞིང་ཆེན་དུ་དམིགས་སུ་བཀར་ནས་གཙང་སྦྲའི་ནུས་ཁུངས་གཙོ་བོ་བྱས་པའི་ནུས་ཁུངས་འཛད་སྤྱོད་ཀྱི་ཆགས་ཚུལ་མངོན་འགྱུར་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་སི་ཁྲོན་གྱིས་སྔར་ལས་ལྷག་པར་གཙང་སྦྲའི་ནུས་ཁུངས་ཀྱི་ཐོན་ནུས་དང་འཛད་སྤྱོད་ཆུ་ཚད། ཕྱིར་གཏོང་བའི་གཞི་ཁྱོན་འདོན་སྤྲོད་བྱ་རྒྱུ། དེང་སྐབས་སུ་སི་ཁྲོན་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྤུས་ལེགས་ཤིང་གཙང་སྦྲའི་ནུས་ཁུངས་ཐོན་སྐྱེད་རྟེན་གཞི་དང་ནུས་ཁུངས་སྐྱེལ་འདྲེན་ལྟེ་གནས་སུ་འགྱུར་ཐུབ་རྒྱུ་རེད།།