སྐབས་ལྔ་པའི་བོད་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་གཉེར་ལ་ཉེ་བ།
བོད་ལྗོངས་ཉིན་རེའི་ཚགས་པར། 2016-03-31
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།གསར་འགོད་པས་བོད་ལྗོངས་ཤེས་དཔལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར།བོད་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་།ལྗོངས་ཤེས་དཔལ་གཞུང་ལས་ཁང་།ལྗོངས་སྤྱི་ཁྱབ་བཟོ་ཚོགས།གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་།ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས།བོད་དམག་ཁུལ་ཁང་ཆབ་སྲིད་པུའུ།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཆབ་སྲིད་པུའུ་བཅས་ཀྱིས་གཉེར་འགན་འཁུར་བའི་སྐབས་ལྔ་པའི་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་དེ་ཟླ4པར་གཉེར་རྒྱུ་དང་ཟླ9པར་གཟེངས་བསྟོད་གཟབ་རྒྱས་ངང་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་དཔྱད་འདེམས་བྱེད་སྒོ་དེ“རྒྱལ་གཅེས་ཁྲིམས་སྲུང་དཔེ་བཟང་བ”དང“གཞན་ཕན་སྒྲུབ་པར་དགའ་བའི་དཔེ་བཟང་བ” “བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བ” “ཁ་དན་ཚིག་གནས་ཀྱི་དཔེ་བཟང་བ” “ལས་བརྩོན་སྐྱེས་འབུལ་གྱི་དཔེ་བཟང་བ”“རྒན་བཀུར་གཉེན་གཅེས་ཀྱི་དཔེ་བཟང་བ”བཅས་རིགས6ལ་དབྱེ་བ་དང་མཐར་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་དེ་རིགས་རེར་མི5རེ་བྱས་ཏེ་ཁྱོན་མི་གྲངས30ལ་གཟེངས་བསྟོད་བྱ་རྒྱུ་དང་ཀུན་སྤྱོད་དཔེ་བཟང་བ་རིགས་རེར་མི2རེ་བྱས་ཏེ་ཁྱོན་མི་གྲངས12ལ་གཟེངས་བསྟོད་བྱ་རྒྱུ་རེད།དཔྱད་འདེམས་ཀྱི་ཚད་གཞིའི་ནང་མེས་རྒྱལ་ལ་དགའ་ཞེན་དང་།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ།མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན།སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་ལྡན་ལ་བརྩི་བཀུར།རྒྱུན་གཏན་གྱི་ལས་དོན་དང་འཚོ་བ་དང་མིའི་དབར་གྱི་འབྲེལ་བའི་ཁྲོད་ཀུན་སྤྱོད་བཟང་བ།བྱས་རྗེས་མངོན་གསལ་དོད་པ།སྤྱི་ཚོགས་ཐོག་མཚན་སྙན་ཆེ་བ།མང་ཚོགས་ཀྱི་ཁས་ལེན་ཐོབ་ཤུགས་ཆེ་བ་བཅས་ཚུད་ཡོད། །