ཆོས་དབྱིངས་སྐྱིད་ནི2012ལོའི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་ཨང་གཉིས་པར་རིམ་གསབ་བྱས།

    མཚོ་སྔོན་པོ་དྲ་བ།    2016-03-31

ཆོས་དབྱིངས་སྐྱིད་ནི2012ལོའི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་ཨང་གཉིས་པར་རིམ་གསབ་བྱས།

ཉེ་སྔོན། རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་ཁང་གིས་ཨུ་རུ་སུའི་ལུས་རྩལ་པ་འགར་ཁྲིམས་གཅོད་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད2012ལོར་ལུན་ཏུང་ཨོ་རྩལ་འགྲན་ཚོགས་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་ཁྲོད་ཨང་གཉིས་པ་ལེན་མཁན་ཁཱ་ནེའུ་ཧྲིན་ཅིན་ནཱའི་དངུལ་གྱི་རྟགས་མ་ཕྱིར་བླངས་པས། མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཨང་གཉིས་པར་རིམ་གསབ་བྱས་ལ། ལིའུ་ཧོང་གིས་ཟངས་ཀྱི་རྟགས་མ་ལེན་པ་ཡིན།
ཆོས་དབྱིངས་སྐྱིད་ནི1990ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། 2012ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་འདུར་རྒྱུག་སྤྱི་ལེ20ཡི་འགྲན་བསྡུར་དུ་ཆུ་ཚོད1དང་སྐར་མ25། སྐར་ཆ16ཡི་སྐར་འབྲས་ལས་ཨང་གསུམ་པ་བླངས་ཏེ་ཡ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་རང་རྒྱལ་གྱིས་ཨོ་རྩལ་འགྲན་ཚོགས་སུ་བྱ་དགའ་ཐོབ་མཁན་གྱི་བོད་རིགས་ལུས་རྩལ་པ་ཐོག་མར་གྱུར། དེ་ཡང་དངུལ་གྱི་རྟགས་མ་ཐོབ་མཁན་ཁཱ་ནེའུ་ཧྲིན་ཅིན་ནཱའི་བྱ་དགའ་མེད་པར་བཟོས་རྗེས། ཆོས་དབྱིངས་སྐྱིད་ལ2012ལོའི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:སྐབས་ལྔ་པའི་བོད་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་གཉེར་ལ་ཉེ་བ།
  • ལེ་ཚན་རྗེས་མ།:རྔ་བའི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་དངོས་སུ་ཤར་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།