དབུལ་བྲལ་གྱི་ལས་གཞི་གསར་འབྱེད་བྱས་ཏེ་འབྱོར་འབྲིང་གི་ལམ་དུ་བསྐྱོད།

དབྱངས་ཅན་གྱིས་བསྒྱུར།        2016-03-22

2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་འཛུགས་པའི་ལོ་དང་། དབུལ་བྲལ་འགག་སྒྲོལ་གྱི་ཐེངས་དང་པོའི་ལོ་ཡིན་པའི་ཆ་ནས། དབུལ་བྲལ་འགག་སྒྲོལ་གྱི་རྨང་གཞིའི་འཛུགས་སྐྲུན་ལས་ཀ་ཡག་པོ་བསྒྲུབ་ཆེད། བྲག་འགོ་རྫོང་གིས་དོན་དངོས་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་བྱས་ཤིང་། དབུལ་ཕོངས་གྲོང་སྡེར་ལྔ་ཡོད་པའི་ཚད་གཞི་ལྟར། དབུལ་ཕོངས་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཕོངས་དུད་ཚང་དབུལ་བྲལ་ཕྱུག་འགྱུར་བྱེད་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཐེབས་པར་ཚོད་འཛིན་བྱེད་པའི་མི་འདང་ས་ཁ་གསབ་ཧུར་ཐག་བྱས་པ་དང་། གོམ་རིམ་གསུམ་གྱི་ལས་ཀ་ཡག་པོ་སྤེལ་ནས་དབུལ་བྲལ་འགག་སྒྲོལ་གྱི་རྨང་གཞིའི་འཛུགས་སྐྲུན་ལས་ཀ་ཡག་པོ་སྤེལ་གང་ཐུབ་བྱས།
གཅིག གནད་སྨིན་ལས་གཞིའི་བརྟག་ཞིབ་ལས་ཀ་ཡག་པོ་སྤེལ།
 དབུལ་ཕོངས་གྲོང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་དགོས་མཁོ་འཚོལ་ཐུབ་པ་དང་། ལས་གཞིའི་འཆར་འགོད་གནད་ལ་སྨིན་པ་དང་ལས་གཞི་དངོས་སུ་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱེད་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་སྔོན་འགྲོའི་བརྟག་ཞིབ་ལས་ཀར་མཐོང་ཆེན་བྱས་པ་སྟེ། གཅིག་ནི་ལས་ཡུལ་དངོས་སུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱས། ལོ་འགོར་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་ལས་གཞིའི་སྣེ་ཁྲིད་སྡེ་ཚན་དང་མཉམ་དུ2016ལོའི་དབུལ་ཕོངས་ལས་བྲལ་གྲབས་ཡོད་པའི་དབུལ་ཕོངས་གྲོང་སྡེ20ལ་ཕྱིན་ནས། ཡང་དུ་མང་ཚོགས་ཀྱིས་ཆེས་རེ་སྒུག་ཆེ་བ་དང་། ཆེས་ཐག་གཅོད་བྱ་དགོས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་ཡུལ་དངོས་སུ་ལྟ་སྐོར་དང་། སྙན་ཞུར་ཉན་འཇོག ལས་གཞིའི་འཆར་འགོད་ལ་ལྟ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་ཆབས་ཅིག འགྲིམ་འགྲུལ་དང་། འཕྲོད་བསྟེན། སྨན་བཅོས། གློག་ཤུགས། གྲོང་གསར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་དགོས་ངེས་ཀྱི་རྩིས་ཁྲ་ཁྱོན་བསྡོམས་རིགས7གྱི་གྲངས་ཀ167གསེད་བཀྲོལ་བྱས། གཉིས་ནི་བཞུགས་མོལ་གྲོས་ཚོགས་འཚོགས་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས། གསུམ་ནི་ཆེད་རམས་པས་ལྟ་དཔྱད་བྱས་ཏེ་གནད་སྨིན་ཡོང་བ་བྱས། ལས་གཞིའི་སྣེ་ཁྲིད་སྡེ་ཚན་ཁག་གིས་དབུལ་ཕོངས་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཆོག་འཐུས་རང་བཞིན་དང་། དགོས་ངེས་ཀྱི་རང་བཞིན། ཕན་འབྲས་རང་བཞིན་བཅས་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་ཏེ། མཐར་ད་ལོར་དབུལ་ཕོངས་ལས་བྲལ་གྲབས་ཡོད་པའི་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་རྩིས་ཁྲ་ལ་ཞིབ་དཔྱད་དང་འཆར་འགོད་གཏན་འབེབས་བྱས།
 གཉིས། ལས་གཞི་དོན་འཁྱོལ་ཡག་པོ་བྱས།
 རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞི་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱེད་ཆེད། བྲག་འགོ་རྫོང་གིས་སྔར་ནས་འཆར་འགོད་དང་དོན་དངོས་བསྒྲུབས་ནས། འཛུགས་སྐྲུན་ལས་གཞིའི་འབྲེལ་མཐུད་ལས་ཀ་ཡག་པོ་བསྒྲུབས་པ་རེད། གཅིག་ནི་གཞི་རིམ་དང་འབྲེལ་མཐུད་བྱས་ཏེ་འགག་གནད་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ་དང་། གཉིས་ནི་ཞིང་ཆེན་དང་ཁུལ་དང་འབྲེལ་མཐུད་བྱས་ཏེ་འཆར་འགོད་ཀྱི་རེའུ་མིག་ཏུ་འཇོག་པ། གསུམ་ནི་མ་དངུལ་འབྲེལ་མཐུད་བྱས་ཏེ་སྒུལ་ཤུགས་ཀྱི་འབྱུང་ཁུངས་ལ་འགན་ལེན་བྱས།
 གསུམ། ལས་གཞི་ལག་བསྟར་བྱ་རྒྱུ་བཀོད་འདོམས་ཡག་པོ་བྱས།
 རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞི་བདེ་བླག་ངང་བསྐྲུན་ཐུབ་པར་ཁག་ཐེག་བྱེད་ཆེད། བྲག་འགོ་རྫོང་གིས་དྲིལ་བསྒྲགས་དང་། གསོ་སྦྱོང་། བཀོད་སྒྲིག་བཅས་ཕྱོགས་གསུམ་གྱི་ཐད་ནས་འགོ་འཛུགས་ཏེ་ལས་གཞི་ལག་བསྟར་བྱེད་པར་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་ཡོད་པ་བྱས་ཏེ་ལས་གཞི་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱས། གཅིག་ནི་དྲིལ་བསྒྲགས་དང་སློབ་གསོའི་འགན་འཁྲི་གསལ་པོར་བྱས། གཉིས་ནི་ཆེད་དོན་གསོ་སྦྱོང་བྱས་ཏེ་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་། གསུམ་ནི་ལྟ་སྐུལ་དོ་དམ་གྱི་ལས་ཀ་ཡག་པོ་སྤེལ་ནས་སྤུས་ཚད་ཡོད་པར་ཁག་ཐེག་བྱས།། 
  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱིས་ད་ལོའི་གཙོ་གནད་ལས་ཀ་གཏན་འཁེལ་བྱས།
  • ལེ་ཚན་རྗེས་མ།:ཚོགས་ཆེན་གཉིས་ནས་དམངས་འཚོའི་ལས་འགན་བརྒྱད་ལེགས་འགྲུབ་བྱ་རྒྱུའི་དུས་ཚོད་ཀྱི་རེའུ་མིག་བརྒྱུད་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།