སླད་ཕྱིན་ལོ་ལྔའི་དམིགས་ཚད་གཙོ་བོ་ཁག་བདུན།
མི་དམངས་དྲ་བ་ནས་དྲངས། 2016-03-16
དཔལ་འབྱོར་མྱུར་ཚད་འབྲིང་མཐོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།
■GDP ལོ་རེའི་འཕར་ཚད་བརྒྱ་ཆ6.5ཡན་ཟིན་པ་བྱ་རྒྱུ།
■དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི90ལས་བརྒལ་བ་བྱ་རྒྱུ།
■2020ལོར་སླེབས་སྐབས་ལྡབ་འགྱུར་གཉིས་འཕར་བ་བྱ་རྒྱུ།
རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལྡབ་འགྱུར་འཕར་བ་བྱ་རྒྱུ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་འགྱུར་འཕར་བ་བྱ་རྒྱུ།
■ཐོན་ལས་ཆུ་ཚད་འབྲིང་མཐོའི་ཕྱོགས་སུ་སླེབས་པ་བྱ་རྒྱུ།
གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ།
■2020ལོར་སླེབས་སྐབས།
ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ60ཟིན་པ་བྱ་རྒྱུ།
གསར་གཏོད་རྣམ་པའི་རྒྱལ་ཁབ་དང་ཤེས་ལྡན་མི་སྣ་སྟོབས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་པ་བྱ་རྒྱུ།
འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་གཏང་རྒྱུ།
■2020ལོར་སླེབས་སྐབས།
རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ60ཟིན་པ་བྱ་རྒྱུ།
ཐེམ་ཁོངས་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ45ཟིན་པ་བྱ་རྒྱུ།
གྲོང་ཁྱེར་ཆེ་གྲས་བརྒྱ་ཆ80་ཡན་ལ་མྱུར་བགྲོད་ལྕགས་ལམ་ཁྱབ་པ་བྱ་རྒྱུ།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ངང་མཐོ་རུ་གཏང་རྒྱུ།
■གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ།
■གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི2000བསྒྱུར་བཀོད་བྱ་རྒྱུ།
■མི་རེའི་ཆ་སྙོམས་ཚེ་ཚད་ལོ་གཅིག་མཐོ་རུ་གཏང་རྒྱུ།
རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མངོན་གསལ་དོད་པོ་མཐོ་རུ་འགྲོ་བ་བྱ་རྒྱུ།
■སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤྱིར་ན་སྐྲུན་ཐུབ་པ་བྱ་རྒྱུ།
■རིག་གནས་ཐོན་ལས་དེ་ཉིད་ཀ་རྟེན་རང་བཞིན་གྱི་ཐོན་ལས་ཤིག་ཏུ་འགྱུར་བ་བྱ་རྒྱུ།
སྣོད་བཅུད་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏང་རྒྱུ།
■ཚན་པའིGDPཟད་གྲོན་བརྒྱ་ཆ15ཆག་པ་བྱ་རྒྱུ།
■ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་པོ་ཡིན་ཚད་ཉིན་གྲངས་བརྒྱ་ཆ80ལས་བརྒལ་བ་བྱ་རྒྱུ།
ཕྱོགས་ཡོངས་ཀྱི་ལམ་ལུགས་དེ་བས་འཐུས་ཚང་དང་དེ་བས་རྒྱུན་འཇགས་སུ་འགྱུར་བ་བྱ་རྒྱུ།
■ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་མ་ལག་སྤྱིར་ན་ཆགས་པ་བྱ་རྒྱུ།
■ཁྲིམས་སྐྱོང་སྲིད་གཞུང་སྤྱིར་ན་སྐྲུན་ཐུབ་པ་བྱ་རྒྱུ་བཅས་རེད།