སི་ཁྲོན་ཞིང་སྡེའི་ཡུལ་མིའི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་ཁྲི་ལས་བརྒལ།

ཁྲེན་ཞང་གིས་བསྒྱུར།        2016-03-09

རྒྱལ་ཁབ་བསྡོམས་རྩིས་ཅུས་སི་ཁྲོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཚེས20ཉིན་བརྡ་ཁྱབ་བཏང་དོན། ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པའི་སི་ཁྲོན་ཞིང་ཆེན་ཞིང་སྡེའི་ཡུལ་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་དེ2015ལོར་ཐེངས་དང་པོར་སྒོར་ཁྲི་ལས་བརྒལ་ནས་སྒོར10245ལ་བསླེབས་ཏེ་བརྒྱ་ཆ9.6འཕར་བ་དང་། གྲོང་རྡལ་ཡུལ་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར26205ཡོད་པ་དེ་བརྒྱ་ཆ8.1འཕར་ཡོད། ཞིང་སྡེའི་ཡུལ་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་དེ་གྲོང་རྡལ་ཡུལ་མིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་ལས་མངོན་གསལ་དོད་པོ་མཐོ་བ་རེད། དེའི་ཐོག་ནས་སི་ཁྲོན་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཆུང་དུ་ཕྱིན་པ་མཚོན་ཐུབ།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཡུལ་མི་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་ལོ་རེར་བརྒྱ་ཆ12.9འཕར་བ་དང་། དེའི་ནང་ལ་གྲོང་རྡལ་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར་བརྒྱ་ཆ11.3འཕར་ཞིང་། ཞིང་སྡེ་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར་བརྒྱ་ཆ13.7འཕར་བ་རེད།
  • ལེ་ཚན་སྔོན་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་དགུན་དལ་སྐབས་དབུལ་སྐྱོར་གནད་སྨིན་དང་དབུལ་སྒྲོལ་གནད་སྨིན་ལ་གཞོལ་བ།
  • ལེ་ཚན་རྗེས་མ།:གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཀྲུང་ཕྱིའི་བུད་མེད་སྣེ་ལེན་ཚོགས་འདུ་པེ་ཅིན་ནས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།