ཉེ་དུས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཤང་དཔལ་སྡིངས་གྲོང་སྡེ་ཚོ་ཆུང་བཞི་པའི་ཞིང་པས་དཔྱིད་རྨོད་འགོ་བཙུགས་པའི་མཛད་སྒོ་སྤེལ་ནས་ལོ་གསར་པར་འབྲུ་རིགས་ལོ་ལེགས་བྱུང་བའི་རེ་བ་བཅངས།
བོད་རྩིས་ཀྱི་སྲོལ་རྒྱུན་ལྟར། ཡུལ་དེ་གའི་ཞིང་པས་དུས་ཆེན་གྱི་གཟབ་སྤྲོས་སྤྲད་ཅིང། ཁྱིམ་ཚང་མང་པོས་རང་ཁྱིམ་ནང་གི་ཕྱེ་མར་བཀྱགས་ནས་ཞིང་ཁར་འཛོམས་ཏེ་ཕན་ཚུན་ནས་ཆང་བཀྱགས་རེས་ཀྱིས་ས་བོན་བཏབ་སྟེ་ལོ་གཅིག་ལ་ལོ་ལེགས་ཡོང་བར་སྨོན་འདུན་ཞུས། ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཐེངས་དང་པོར་ཏུན་ཁྲི100ལས་བརྒལ། པར་འདི་ནི་ཟླ་བ2པའི་ཚེས19ཉིན་ཞིང་པ་ཚོས་དཔྱིད་རྨོད་བྱེད་འགོ་བཙུགས་པའི་མཛད་སྒོ་སྤེལ་བའི་ཚུལ་རེད།