རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི1.9ལ་བསླེབས་ཏེ་འཛམ་གླིང་གི་ཨང་དང་པོར་གྱུར།

ཁྲེན་ཞང་གིས་བསྒྱུར།        2016-03-02

ཞིན་ཧྭ་གསར་འགྱུུར་ཁང་པེ་ཅན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ12པའི་ཚེས30ཉིན་ཧའེ་ནན་གླིང་སྐོར་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་བྱུང་བའི་དུས་མཚུངས་སུ། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་དང་འཁོར་སྐྱོད་ཀྱི་ལམ་ཐག་སྤྱི་ལེ་ཁྲི1.9བསླེབས་ཏེ་འཛམ་གླིང་གི་ཨང་དང་པོར་གྱུར་པ་རེད། རྒྱལ་ཡོངས་ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི12ལས་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པ་ཡིན།བསྡོམས་རྩིས་ལས་གསལ་པོར་མཚོན་དོན། ད་ལོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་ཁག་ལེགས་འགྲུབ་བྱུང་བ་དང་། ཕྱོགས་གང་ཐད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག་ལོ་ཧྲིལ་པོར་ལྕགས་ལམ་འཛུགས་སྐྲུན་ལ་དགོས་པའི་མ་དངུལ་ཐམས་ཅད་དོན་ཐོག་ཏུ་འཁྱོལ་ཞིང་ལས་གཞི61ལས་འགོ་བཙུགས་ཏེ་བསྐྲུན་ཡོད།དེ་མིན་ཧོ་ཧྥེ་ནས་ཧྥུ་ཀྲོའུ་བར་དང་། ཧ་ཨེར་པིང་ནས་ཆི་ཆི་ཧ་ཨེར་བར། ཧྲེན་དབྱང་ནས་ཏན་ཏུང་བར། ཅི་ལིན་ནས་ཐུའུ་མོན་ནས་ཧུའེ་ཁྲུན་བར། ཏན་ཏུང་ནས་ཏ་ལེན་བར། ཁྲེང་ཏུའུ་ནས་ཁྲུང་ཆིང་བར། ཐེན་ཅིན་ནས་པའོ་ཏིང་བར། ཧྲའེ་ནན་གླིང་སྐོར་སོགས་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པས། ལོ་ཧྲིལ་པོར་མྱུར་བགྲོད་ལྕགས་ལམ་སྤྱི་ལེ9000ཡན་ཆད་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་བྱུང་ངོ་།། 
  • ལེ་ཚན་སྔོན་མ།:གྲངས་ཀའི་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས་བྱུང་ཚུལ་མཚོན།
  • ལེ་ཚན་རྗེས་མ།:སྒྲིག་ཆས་ལ་བརྟེན་ནས་སྔོ་ཚལ་བཏབ་སྟེ་པེ་ཅིན་དང་ཐེན་ཅིན་ས་ཁུལ་གྱི་སྔོ་ཚལ་ཚོང་རར་ཕུན་སུམ་ཚོགས་པོར་བྱས།
  • དོ་སྣང་ཆེ་བའི་རྩོམ།