སྒྲིག་ཆས་ལ་བརྟེན་ནས་སྔོ་ཚལ་བཏབ་སྟེ་པེ་ཅིན་དང་ཐེན་ཅིན་ས་ཁུལ་གྱི་སྔོ་ཚལ་ཚོང་རར་ཕུན་སུམ་ཚོགས་པོར་བྱས།

        2016-03-02

ཉེ་བའི་ལོ་ཤས་རིང་། ཧོ་པའེ་ཞིང་ཆེན་ཆིན་རྫོང་གིས་ཞིང་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རིམ་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གྱི་མ་ལག་འཛུགས་པར་ཤུགས་བརྒྱབ་པ་དང་། པེ་ཅིན་དང་ཐེན་ཅིན་ས་ཁུལ་གྱི་ཤིང་ཏོག་དང་སྔོ་ཚལ་ཚོང་ར་ཕུན་སུམ་ཚོགས་པོ་བྱ་ཆེད། ཞིང་པར་རོགས་འདེགས་བྱས་ཏེ་ལྗང་མདོག་དང་སྤྱི་གནོད་མེད་པའི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་བྱས་པར་མ་ཟད། ད་རུང་འདེབས་འཛུགས་བྱེད་པ་དེ་གཞི་ཁྱོན་ཅན་དང་། དམིགས་ཚད་ཅན། ཐོན་ལས་འདུས་འཛོམས་ཅན་དུ་འཕེལ་རྒྱས་བཏང་ཡོད། མིག་སྔར། ཆིན་རྫོང་གིས་ཤིང་ཏོག་དང་སྔོ་ཚལ་གྱི་ཆེད་ལས་མཉམ་ལས་རྩ་འཛུགས150ལྷག་བཙུགས་ཡོད་ཅིང་། སྒྲིག་ཆས་ལ་བརྟེན་ནས་ཤིང་ཏོག་དང་སྔོ་ཚལ་གྱི་འདེབས་ཁྱོན་མུའུ་ཁྲི31ལ་བསླེབས་པ་དང་། ལོ་རེར་ཤིང་ཏོག་དང་སྔོ་ཚལ་ཏུན་ཁྲི230ཐོན་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49མངོན་འགྱུར་བྱས་ཡོད། ཉིན་རེར་པེ་ཅིན་དང་ཐེན་ཅིན་ས་ཁུལ་དུ་འཚོང་བའི་ཤིང་ཏོག་དང་སྔོ་ཚལ་ཏུན3000ལྷག་ཡོད་དོ།།
 
  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི1.9ལ་བསླེབས་ཏེ་འཛམ་གླིང་གི་ཨང་དང་པོར་གྱུར།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་ས་ཞིང་བཅོས་སྒྲིག་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར་10བཏང་ནས་མི་གྲངས་ཁྲི་43ལ་ཁེ་ཕན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།