གྲངས་ཀའི་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས་བྱུང་ཚུལ་མཚོན།

        2016-03-02

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱིས་ཤུགས་ཆེན་པོས་དམངས་འཚོ་ལེགས་བཅོས་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ལོངས་སྤྱོད་བཅུག་ཅིང་། མི་སེར་གྱི་འཚོ་བར་གནམ་ས་བླ་འོག་སྒྱུར་བའི་འཕོ་འགྱུར་བྱུང་བ་དང་། ཆེས་རྒྱང་རིང་ལུང་ཁུག་གི་མང་ཚོགས་ཚང་མས་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ཡོད།གྲངས་ཀ་དང་པོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་མཚོ་བོད་དང་ཁྲོན་བོད་ས་ཁུལ་གྱི་གློག་དྲྭ་དྲྭ་སྦྲེལ་བྱས་ཡོད་ཅིང་། གློག་དྲྭ་གཙོ་བོ་རྫོང58ལ་ཁེབས་ཡོད། སྟག་ཁ་ལུང་དང་རྫམ། རྒོད་སྟོད། རྡོབ་པོ་སོགས་ཆུ་གློག་ས་ཚུགས་བསྐྲུན་ནས་སྤྱོད་འགོ་བཙུགས་ཡོད། གློག་ཤུགས་ཀྱི་སྤྱི་ཁོག་གི་གློག་འདོན་ཚད་སྟོང་ཝ་ཁྲི230ལ་བསླེབས། དབུས་རྒྱུད་ས་ཁུལ་གྱི་གློག་མི་འདང་བའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།གྲངས་ཀ་གཉིས་པ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར117.89བཏང་ཡོད་། སློབ་གསོ་འགན་ལེན་བྱ་རྒྱུ་གསུམ་གྱི་དམིགས་ཚད་བསྟུད་མར་ཐེངས་ལྔ་མཐོ་རུ་ཕྱིན་ཡོད། འཚོ་བཅུད་ལེགས་བཅོས་བྱས་པའི་འཆར་གཞི་ལག་ལེན་བསྟར་ནས་རྒྱལ་ཡོངས་སུ་ཐོག་མར་ལོ་བཅོ་ལྔའི་རིན་པ་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བ་དང་། སློབ་ན་མ་སོན་གོང་དང་ཞིབ་འཇུག་སློབ་མའི་སློབ་གསོ་དུས་རིམ་བར་གཏོགས་པའི་ཅུང་འཐུས་ཚང་ཡིན་པའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་བཙུགས་ཡོད།གྲངས་ཀ་གསུམ་པ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར18གཏོང་འཇོག་བྱས་ཏེ་འཕྲོད་བསྟེན་གྱི་རྨང་གཞི་འཛུགས་སྐྲུན་ལས་གཞི་བསྐྲུན་པས། འཕྲོད་བསྟེན་གྱི་ལས་ཁུངས1435ལ་འཕར་སྣོན་བྱུང་ཞིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཐམས་ཅད་ལ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་ལེན་བསྟར་ཡོད།སྦྲུམ་མ་དང་བྱིས་པའི་ཤི་ཚད་ཁྲི10ཆ100.92དང་སྟོང་ཆ16ལ་མར་ཆག་ཡོད། ཚོད་དཔག་བྱས་པའི་ཆ་སྙོམས་མི་རེའི་ཚེ་ཚད68.2ལ་སོན་ཡོད།གྲངས་ཀ་བཞི་པ་ནི་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར278གཏོང་འཇོག་བྱས་ཏེ་ཞིང་འབྲོག་མི་དམངས་ཀྱི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བས། ཞིང་འབྲོག་པ་ཁྲི230སྡོད་ཁང་གསར་པའི་ནང་སྤོ་རྒྱུ་རག་ཡོད། སྔོན་མར་དམའ་ཞིང་རླན་པ་དང་། མི་དང་ཕྱུགས་ཟོག་མཉམ་བསྡད་བྱས་པའི་ས་ཕག་ཁང་པ་དེ་དག་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་གསར་པར་གྱུར་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཆ་སྙོམས་མི་རེའི་སྡོད་ཁྱོན་བརྒྱ་ཆ་གཉིས་ནས་གསུམ་བར་འཕར་ཡོད།གྲངས་ཀ་ལྔ་པ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས4624ཡོད་པ་དང་། ཞིང་འབྲོག་མི་དམངས་ཀྱི་ཐོན་ལས་ཅན་གྱི་བདག་གཉེར་བྱེད་ཚད་བརྒྱ་ཆ40ལ་ཟིན། གྲོང་རྡལ་ཡུལ་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར25457ལ་བསླེབས་ཤིང་། ཞིང་སྡེའི་ཡུལ་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8244ལ་བསླེབས་ཏེ་ལོ་རྒྱུས་ཐོག་གི་ཆེས་མཐོ་བའི་ཆུ་ཚད་ཡིན་ནོ།། 
  • ལེ་ཚན་སྔོན་མ།:གནད་འགག་གི་ཐ་སྙད་ལྔ་ནས2016ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྙིང་དོན་གསལ་བཀྲོལ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི1.9ལ་བསླེབས་ཏེ་འཛམ་གླིང་གི་ཨང་དང་པོར་གྱུར།
  • དོ་སྣང་ཆེ་བའི་རྩོམ།