སི་ཁྲོན་གྱིས་སྔར་ལས་ལྷག་པར་ཞིང་ལས་ཚན་རྩལ་མི་སྣའི་གསར་གཏོད་གསར་སྐྲུན་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད།

        2016-02-25

 2014ལོའི་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་ཞིང་ཆེན་ཕྱུགས་ལས་ཚན་རིག་ཁང་། ཤན་ཧན་རྫོང་གིས་སྤེལ་པའི་ཞིང་ལས་ཚན་རྩལ་མི་སྣའི་ལས་གཏོད་གསར་གཏོད་ཀྱི་ཆེད་དོན་སྒྱུར་བཅོས་ཚོད་ལྟའི་རྨང་གཞིའི་ཐོག རང་རེའི་ཞིང་ཆེན་གྱིས་སྔར་ལས་ལྷག་པར་ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། གཞི་ཁྱོན་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་སྒོ་ནས་ཞིང་ལས་ཚན་རྩལ་མི་སྣའི་གསར་གཏོད་ལས་གཏོད་ལ་སྐུལ་མ་བཏང་ཏེ་ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏང་བ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། འདི་ནི་གསར་འགོད་པས་སྤྱི་ཟླ་2པའི་ཚེས་18ཉིན་ཁྲེན་ཏུའུ་ནས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚན་རྩལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་སྤེལ་པའི་ཆེད་དོན་ལས་ཀའི་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་བཟོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གཏམ་བཤད་སྤེལ།། 

  • ལེ་ཚན་སྔོན་མ།:ཝང་ཏུང་མིང་གིས་ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།
  • ལེ་ཚན་རྗེས་མ།:ལྷ་སའི“ལས་རིགས་བཞིའི་བཟོ་སྐྲུན”གྱིས་མིའི་ཐེངས་གྲངས་ཁྲི85ལྷག་གི་ལས་ཞུགས་མངོན་འགྱུར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།