ཝང་ཏུང་མིང་གིས་ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།
སི་ཁྲོན་གསར་འགྱུར་དྲ་བ། 2016-02-25
ཝང་ཏུང་མིང་གིས་ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་བློ་རྩེ་གཅིག་སྒྲིམ་གྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲེན་ཏུའུ་དང་ཏའེ་དབྱང་། མེན་དབྱང་བཅས་གྲོང་ཁྱེར་གསུམ་ལ་བརྟག་ཞིབ་བྱས་རྗེས། སྤྱི་ཟླ་2པའི་ཚེས་19ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་ནས་ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། མིག་སྔར་འཕྲད་པའི་དུས་བབས་གསར་པའི་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། ཁྲེན་ཏུའུ་བདེ་ཐང་དཔལ་འབྱོར་ཁུལ་གྱི་ཁྱོན་ཡོངས་ནས་གསར་གཏོད་བཅོས་སྒྱུར་དང་རྣམ་སྒྱུར་འཕེལ་རྒྱས་སམ་ཚན་རིག་འཕེལ་རྒྱས་གྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
བཞུགས་མོལ་ཚོགས་འདུའི་ཐོག ཁྲེན་ཏུའུ་དང་ཏའེ་དབྱང་། མན་དབྱང་། སུའེ་ཉིང་། ལུ་ཧྲན། གཡག་རྔ། མའེ་ཧྲན། ཙུ་དབྱང་སོགས་གྲོང་ཁྱེར་8གྱི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་དག་གིས་ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཨུའི་དཔལ་འབྱོར་ལས་ཀ་དང་གྲོང་ཁྱེར་ལས་ཀའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་དང་ལག་བསྟར་བྱས་པ་དང་། ད་ལོའི་དཔལ་འབྱོར་ལས་ཀར་དམ་འཛིན་བྱེད་པ། ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སོགས་ལ་དམིགས་ནས་གཏམ་བཤད་གནང་།།