མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-02-25
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་ཁུར་འདུ་ཤེས་བརྟན་པོ་བཅངས་ཏེ། བཅོས་སྒྱུར་དམ་འཛིན་བྱེད་པ་དེ་ཆབ་སྲིད་ཀྱི་འགན་ཁུར་གལ་ཆེན་ཞིག་ཏུ་བརྩི་བ་དང་། བཅོས་སྒྱུར་གྱི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བཅོས་སྒྱུར་སྤེལ་བའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་ཡར་སྐུལ་པ་བྱེད་དགོས་པ་མ་ཟད། བཅོས་སྒྱུར་དངོས་སྒྲུབ་པ་ཡང་བྱས་ཏེ། སྙིང་སྟོབས་བརྟན་པོས་བཅོས་སྒྱུར་དངོས་འབེབས་བྱེད་རྒྱུ་དམ་འཛིན་བཟང་བོ་བྱེད་པ་དང་། གནད་འགག་དམ་དུ་འཛིན་པ། གནད་ལ་ཁེལ་བའི་སྒོ་ནས་ཤུགས་འདོན་པ། དཀའ་ངལ་ཁྱད་དུ་སེལ་བ། དམིགས་སུ་བཀར་ནས་དམ་འཛིན་བྱེད་པ་དང་ཡང་དང་བསྐྱར་དུ་དམ་འཛིན་བྱས་ཏེ་ཕན་འབྲས་ཐོབ་པར་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ནས་བསྟན་དོན། བཅོས་སྒྱུར་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་ན། བཅོས་སྒྱུར་གྱི་ཆོས་ཉིད་དང་ཁྱད་ཆོས་བརྩི་སྲུང་བྱེད་པ་དང་། བརྒྱུད་རིམ་ཆ་ཚང་བ་དང་ཕན་འབྲས་མཐོ་བ། ར་སྤྲོད་བྱེད་ཆོག་པ་བཅས་ཀྱི་བཅོས་སྒྱུར་དངོས་འབེབས་རྐྱེན་སྲོལ་བཙུགས་ཏེ། བཅོས་སྒྱུར་བྱེད་ཐབས་སྔ་མོ་ནས་དངོས་འབེབས་བྱེད་པ་དང་ཕན་འབྲས་ཐོབ་ཏུ་འཇུག་དགོས། གཅིག་ནས་ལས་འགན་གཙོ་བོ་དམ་འཛིན་བྱེད་དགོས། གཉིས་ནས་ལྟ་སྐུལ་མཐུན་སྦྱོར་དམ་འཛིན་བྱེད་དགོས། གསུམ་ནས་ལྟ་ཞིབ་དངོས་འབེབས་དམ་འཛིན་བྱེད་དགོས། བཞི་ནས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱེད་དགོས། ལྔ་ནས་བཅོས་སྒྱུར་གྱི་ཕན་འབྲས་དམ་འཛིན་བྱེད་དགོས། དྲུག་ནས་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་དམ་འཛིན་བྱེད་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་ཁག་ཁུར་བྱེད་ཕོད་པ་ནི་ཡར་སྐུལ་པ་ཡིན་ལ། བཅོས་སྒྱུར་དམ་འཛིན་དངོས་འབེབས་བྱས་ཏེ་ཕན་འབྲས་ལེན་མཁན་ནི་དངོས་སྒྲུབ་པ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་བཅོས་སྒྱུར་དམ་འཛིན་དང་དངོས་འབེབས་དམ་འཛིན་བྱེད་པར་ཐད་ཀར་དུ་འགན་ཁུར་ཡོད་པས། དངོས་སུ་འཆར་འགོད་དང་བཀོད་སྒྲིག ལྟ་ཞིབ། དངོས་འབེབས་བཅས་དམ་འཛིན་བྱེད་དགོས་ལ། ཀྲུང་དབྱང་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་ལ་ཧ་ཅང་མཐོང་ཆེན་དང་དངོས་སུ་དམ་འཛིན་བྱེད་དགོས་པ་དང་། ཀྲུང་དབྱང་གི་རེ་བ་དེ་ལག་བསྟར་མཐའ་འཁྱོལ་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10