ཁྲོན་བོད་མཐོ་སྒང་གི་དབུལ་པོའི་བྱིས་པ་སྟོང་གི་རེ་འདུན་གྲུབ།

མིག་དམར་གྱིས་བསྒྱུར།        2014-07-21

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུན་ནས་ཟླ་བ7པའི་ཚེས6ཉིན་འབྱོར་བའི་གཏམ་གསར། ཚེས5ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམར་ཐང་རྫོང་ཨན་ཆུ་གྲོང་རྡལ་གྱི་སློབ་ཆུང་དུ་ཀྲུང་གོའི་མི་རབས་རྗེས་མའི་སློབ་གསོ་ཐེབས་རྩ་ཚོགས་པ་དང་ཀྲུང་གོའི་བུད་མེད་བྱེད་སྒོ་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་གྲོས་འགོ་བཏོན་པའི་གོས་གསར་པ་གོན་རྒྱུ་དང་དཔེ་ཆ་གསར་པ་ཀློག་རྒྱུ། ཟློས་གར་གསར་པར་ལྟ་རྒྱུ་ཡོད་པའི་སྤྱི་ཕན་རྣམ་གྲངས་དུས་ལྟར་སྤེལ་བ་རེད།སྤྱི་ཕན་རྣམ་གྲངས་ཀྱི་བྱེད་སྒོ་འདི་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒྱུད་མྱངས་པའི་ས་ཁུལ་དུ་ཐེངས་དང་པོར་སྤེལ་ས་ཡོང་བ་རེད།    ཨན་ཆུ་གྲོང་རྡལ་སློབ་ཆུང་གི་དབུལ་པོའི་སློབ་མར་སྤྱི་ཕན་བྱེད་སྒོ་འདི་སྤེལ་བར་བརྒྱུད་ནས་སྲིང་བལ་གྱོ ན་ཆས་ཆ800དང་སློབ་གསེང་གི་ཀློག་དེབ200ལྷག་ཐོབ་ཡོད། དཔེ་ཆ200ལྷག་དེ་སློབ་གྲྭས་དོ་དམ་བྱས་ནས་སློབ་འགོ་ཚུགས་རྗེས་འཛིན་གྲྭ་སོ་སོར་སྤྲད་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དམར་ཐང་རྫོང་གི་དབུལ་པོའི་སློབ་གྲྭ7དང་སློབ་མ་ལ་ལེགས་སྐྱེལ་ཐོབ་པས། དབུལ་པོའི་སློབ་མ་སྟོང་ལ་གོས་གསར་པ་གོན་རྒྱུ་དང་དཔེ་དེབ་ཀློག་རྒྱུ་ཡོད་པའི་རེ་འདུན་གྲུབ་པ་རེད། དེ་མིན། གཙོ་གཉེར་བྱེད་མཁན་ཕྱོགས་ཀྱིས་དམར་ཐང་རྫོང་གི་བུད་མེད་ཀྱི་ཁྱིམ་ལ་འཇིག་རྟེན་འཕུར་སྐྱོད་ཀྱི་གྲངས་ཀ་སྒྲིག་ཆས་ཆ50དང་སྒྲིག་ཆས་བཟོ་བཅོས་གྲོན་དངུལ་སྒོར་ཁྲི5བྱིན་ནས་ཞལ་འདེབས་བརྒྱབ་པའི་དངོས་པོའི་རིན་ཐང་བསྡོམས་འབོར་སྒོར་ཁྲི100ལྷག་ལ་ཟིན་པ་རེད།      སྤྱི་ཕན་རྣམ་གྲངས་འདི་ནི་ཀྲུང་དབྱང་གི་ཞིང་སྡེ་དང་ནུབ་རྒྱུད་ས་ཁུལ་གྱི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གལ་ཆེའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་ཆེད། ཀྲུང་གོའི་བུད་མེད་བྱེད་སྒོ་ལྟེ་གནས་དང་ཀྲུང་གོའི་མི་རབས་རྗེས་མའི་སློབ་གསོ་ཐེབས་རྩ་ཚོགས་པས་མཉམ་འབྲེལ་བྱས་ཏེ་གྲོས་འགོ་བཏོན་པའི་བྱིས་པར་དམིགས་པའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན། ནང་དོན་གཙོ་བོ་ནི་སྒོར100བྱིན་ན་བྱིས་པ་ཞིག་གི་གོས་གསར་པ་གོན་རྒྱུ་དང་དཔེ་ཆ་གསར་པ་ཀློག་རྒྱུ། ཟློས་གར་གསར་པར་ལྟ་རྒྱུའི་རེ་འདུན་གྲུབ་ཅིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དབུལ་པོ་ས་ཁུལ་གྱི་བྱིས་པའི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ནས་ཁོ་ཚོ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བར་སྐུལ་སྤེལ་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྐྱེ་ཁམས་ས་ཁུལ་བསྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར480བཏང་།
  • ལེ་ཚན་རྗེས་མ།:ཀྲང་ཀའོ་ལིས་ཀྱིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།