མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-07-21
ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཧྥུའུ་ཅན་ཞིང་ཆེན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཏང་ཀྲང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། གོ་སྐབས་དམ་འཛིན་དང་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་དུས་སྐབས་གསར་བའི་ནང་ཧྥུའུ་ཅན་གྱི་བཅོས་སྒྱུར་སྒོ་འབྱེད་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཀྲང་ཀའོ་ལིས་ཀྱིས་རྟོག་ཞིབ་མཛད་སྐབས། ཧྥུའུ་ཅན་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཧྥུའུ་ཅན་ཞིང་ཆེན་གྱིས་ས་གནས་རང་གི་ཁྱད་སྟོབས་འདོན་སྤེལ་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པ་དང་། མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱས་ཏེ། ཕེན་ཐན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཞ་མིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱི་ཕྱོགས་བསྡུས་ཆ་ཚང་བཅོས་སྒྱུར་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བར་དམ་འཛིན་བྱེད་དགོས། ཐོན་ལས་འབྲེལ་མཐུད་ཟབ་མོ་བྱེད་པར་ཤུགས་བསྣན་ནས་ཧུར་ཐག་སྒོས་མཉམ་ལས་ཀྱི་ལས་གཞི་གཙོ་བོ་དང་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་དང་སློབ་གསོ། འཕྲོད་བསྟེན། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། མི་སྣ་དང་ཚོང་རྫས་འགྲོ་འོང་བྱེད་པར་སྟབས་བདེ་བཟོ་བ་དང་མུ་མཐུད་དུ་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10