ཀོང་ཞི་རུང་ཨན་གྱི་གསེར་ཚྭ་ལོ་ལེགས་བྱུང་ནས་ཞིང་པའི་ཡོང་འབབ་འཕར།

        2016-02-02

ཟླ་བ་དང་པོའི་ཚེས16ཉིན། ཀོང་ཞི་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གིས་ཀྲེན་ཅང་གི་ཧང་ཀྲོའུ་གྲོང་ཁྱེར་དུ་རུང་ཨན་གྱི་གསེར་ཚྭ་ཁྱབ་གདལ་དང་ངོ་སྤྲོད་བྱེད་པའི་བྱེད་སྒོ་སྤེལ་ནས་ཡུལ་དངོས་སུ་སྤུས་དག་གི་གསེར་ཚྭ་ཁྱབ་གདལ་དང་ངོ་སྤྲོད་བྱས། ཀོང་ཞི་རུང་ཨན་རྫོང་སྲིད་གཞུང་ལས་ཚན་གྱིས་ཁྱབ་གདལ་དང་ངོ་སྤྲོད་བྱེད་མཁན་མི་སྣ་སྒྲིག་འཛུགས་བྱས་ཏེ་མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་ཕྱིན་ནས་ཁྱབ་གདལ་དང་ངོ་སྤྲོད་བྱེད་པའི་བྱེད་སྒོ་སྤེལ་བར་བརྒྱུད། ཚོང་པ་དང་ཚོང་ཁང་བར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་ཞིང་ལས་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་རེད། མིག་སྔར་ཀོང་ཞི་རུང་ཨན་རྫོང་གི་གསེར་ཚྭའི་འདེབས་ཁྱོན་མུའུ་ཁྲི11.5ལ་ཟིན་ནས་ལོ་རེར་གསེར་ཚྭ་ཐོན་ཚད་ཏུན་ཁྲི9.5ལ་ཟིན་ནས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར5ཉེ་བ་ཞིག་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞིང་ལས་དལ་དུས་ཀྱང་ཞིང་ལས་ལ་བྲེལ་བའི་དུས་ཚོད་ཤར།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར470དངོས་འབེབས་བྱས།
  • དོ་སྣང་ཆེ་བའི་རྩོམ།