བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར470དངོས་འབེབས་བྱས།
ཀྲུང་གོ་བོད་ཀྱི་དྲ་བ། 2016-02-02
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཚོགས་པའི2016ལོའི་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ནི་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་འཕེལ་རྒྱས་ཆེས་མགྱོགས་པ་དང་།མ་དངུལ་གཏོང་ཚད་ཆེས་མང་བ།སྤྱི་ཚོགས་ཕན་འབྲས་ཆེས་ཆེ་བའི་ལོ་ལྔ་ཡིན་ཞིང་།ལོ་ལྔའི་རིང་ལ།འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་ལས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་གི་བརྟན་རླིང་ལ་རྨང་གཞི་རང་བཞིན་དང་།སྣེ་ཁྲིད་རང་བཞིན།ཞབས་ཞུ་རང་བཞིན་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།
རྒྱུས་ལོན་ལྟར་ན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ།བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ལ།བསྡོམས་པས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར470དངོས་འབེབས་བྱས་ཏེ།དུས་མཉམ་ལས81%འཕར།གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར679ལེགས་འགྲུབ་བྱུང་སྟེ།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལྡབ2.6འཕར་ཡོད་པ་དང་།སོ་སོ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཏེ།བརྟན་རླིང་ངང་འཕར་སྣོན་བྱུང་བར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།
དེ་མིན་གཞུང་ལམ་དྲ་རྒྱའི་སྒྲིག་གཞི་ལེགས་བཅོས་མངོན་གསལ་ཡིན་པ་དང་།སྒྲིག་བཀོད་སྔར་ལས་འོས་འཚམས་ཡིན།ལྗོངས་ཡོངས་སུ་མཐོ་རིམ་གཞུང་ལམ་སྤྱི་ལེ300གསར་སྣོན་བྱས་ཏེ།གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི7.8ལ་བསླེབས་པ་དང་།ལོ་ལྔའི་འཆར་གཞི་བཅུ་གཅིག་པ་དང་བསྡུར་ན་སྤྱི་ལེ་ཁྲི1.7ཇེ་མང་དུ་སོང་ཡོད་པ་རེད། །