རང་རྒྱལ་གྱི་ཞིང་དུད་དུང་ཕྱུར2ལྷག་ཞིང་ལས་ཉེན་འགོག་འགན་སྲུང་ནང་ཞུགས་པ་དང་ཞིང་རྨོ་ལོ་ཏོག་མུའུ་དུང་ཕྱུར11འགན་གཙང་ལེན་བྱས།

མིག་དམར་གྱིས་བསྒྱུར།        2014-07-17

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས8ཉིན་འབྱོར་བའི་གཏམ་གསར།གོང་ཚེས་ཉིན་ཀྲུང་གོའི་ཉེན་འགོག་འགན་སྲུང་དོ་དམ་ཚོགས་པས་《ཀྲུང་གོའི་ཉེན་འགོག་འགན་སྲུང་ལས་རིགས་ཀྱི་སྤྱི་ཚོགས་འགན་འཁྲིའི་དེབ་ཐེར་རྒྱབ་ཤ་དཀར་པོ》ཁྱབ་བསྒྲགས་བྱས་ཏེ། 2013ལོར་ཀྲུང་གོའི་ཞིང་ལས་ཉེན་འགོག་འགན་སྲུང་གི་གྲོན་དངུལ་ཡོང་འབབ་དེ་འཛམ་གླིང་གི་ཨང་གཉིས་པ་ཡིན་ཞིང་། ལོ་ཏོག་གཙོ་བོ་འགན་གཙང་ལེན་བྱེད་པའི་གཞི་ཁྱོན་མུའུ་དུང་ཕྱུར11.06ལ་བསླེབས་པ་དང་ཞིང་དུད་མིའི་ཐེངས་གྲངས་ཁྲི3367ལ་ཁ་གསབ་རོགས་དངུལ་སྤྲད་པ་རེད།
 2013ལོར། རང་རྒྱལ་གྱི་ཞིང་ལས་ཉེན་འགོག་འགན་སྲུང་ལ་ཕྱོགས་བཞིའི་ཐད་ལ་གཏོར་བརྒལ་མངོན་འགྱུར་བྱུང་སྟེ། ལོ་ཏོག་གཙོ་བོ་འགན་གཙང་ལེན་བྱེད་པའི་གཞི་ཁྱོན་མུའུ་དུང་ཕྱུར10ལས་བརྒལ་ཏེ་མུའུ་དུང་ཕྱུར11.06ལ་ཟིན། ཉེན་འགོག་འགན་སྲུང་དུ་ཞུགས་པའི་ཞིང་དུད་ཐེངས་གྲངས་དུང་ཕྱུར2ལས་བརྒལ་ཏེ་དུད་ཚང་ཐེངས་གྲངས་དུང་ཕྱུར2.14ལ་ཟིན། ཉེན་འགོག་འགན་སྲུང་གི་མ་དངུལ་སྒོར་དུང་ཕྱུར་ཁྲི1ལས་བརྒལ་ཏེ་སྒོར་དུང་ཕྱུར་ཁྲི1.39ལ་ཟིན། ཉེན་འགོག་འགན་སྲུང་གི་ཁ་གསབ་རོགས་དངུལ་སྤྲད་ཚད་སྒོར་དུང་ཕྱུར200ལས་བརྒལ་ཏེ་སྒོར་དུང་ཕྱུར208.6ལ་ཟིན་པ་རེད།
      མིག་སྔར། རང་རྒྱལ་གྱི་ཞིང་ལས་ཉེན་འགོག་འགན་སྲུང་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ལ་ཁྱབ་པ་དང་། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཕྱོགས་སོ་སོར་ཚུད་ཅིང་། འགན་གཙང་ལེན་བྱེད་པའི་སྣ་ཁ90ལྷག་ཡོད་པ་རེད། ཆུ་འབྲས་དང་མ་རྨོ་ལོ་ཏོག  གྲོ་བཅས་འབྲུ་རིགས་ཆེན་པོ་གསུམ་གྱི་ཉེན་འགོག་འགན་སྲུང་ཁྱབ་ཚད་ཁག་དབྱེ་ནས་བརྒྱ་ཆ64.9དང་བརྒྱ་ཆ67.3བརྒྱ་ཆ61.8བཅས་ལ་ཟིན་པ་རེད། 2007ལོ་ནས་2013ལོར། ཞིང་ལས་ཉེན་འགོག་འགན་སྲུང་གི་འགན་གཙང་ལེན་བྱེད་པའི་ལོ་ཏོག་གཙོ་བོ་དེ་མུའུ་དུང་ཕྱུར2.3ནས་མུའུ་དུང་ཕྱུར11.06ལ་འཕར་སྣོན་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོའི་གྲོང་རྡལ་ཅན་གྱི་མཐོ་རིམ་གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་སྤེལ།
  • ལེ་ཚན་རྗེས་མ།:མིའོ་གྲོང་གིས་འབྱོར་འབྲིང་བསྐྲུན་ཏེ་རྣམ་པ་རྙིང་པ་གསར་དུ་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།