ཀྲུང་གོའི་གྲོང་རྡལ་ཅན་གྱི་མཐོ་རིམ་གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་སྤེལ།

མིག་དམར་གྱིས་བསྒྱུར།        2014-07-17

ཞིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་བ7པའི་ཚེས8ཉིན་འབྱོར་བའི་གཏམ་གསར། གྲོང་རྡལ་ཅན་གྱི་བགྲོད་ལམ་གསར་པ་སྟེ་གྲོང་ཁྱེར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་བྱེད་ཐབས་ཞེས་པའི་གླེང་སྟེགས་མཐོ་རིམ་དེ་གོང་ཚེས་ཉིན་ཉིའུ་ཡུའེ་ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་མཁན་གྱི་ཕྱི་འབྲེལ་དཔོན་རིགས། ཆེད་རམས་པ། དམངས་ཁྲོད་ཚོགས་པའི་འཐུས་མི་སོགས་རྣམ་པ་གསར་པའི་གྲོང་རྡལ་ཅན་དང་།  རྒྱུན་མཐུད་ངང་འཕེལ་རྒྱས་གཏང་རྒྱུ་དང་ཀྲུང་གོས་དེའི་ཕྱོགས་ཀྱི་ཉམས་མྱོང་དང་ཐུག་པའི་འགྲན་སློང་ལ་དཔྱད་བསྡུར་བྱས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་འགན་ཁུར་མཁན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧུང་པའོ་ཡིས་བཤད་དོན།   མི་རྣམས་ཀྱིས་གྲོང་ཁྱེར་ནི་གཟུགས་དབྱིབས་ལྡན་པའི་རྨང་གཞི་སྒྲིག་ཆས་ཡིན་པས་མ་ཚད།  ད་རུང་ཚོང་ལས་དང་རིག་གནས། ཚན་རིག  སློབ་གསོ། སྤྱི་ཚོགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་འགག་རྩ་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།  གལ་སྲིད་སྤྱི་ཡོངས་ཅན་གྱི་ཐག་གཅོད་ཇུས་གཞི་བླངས་ནས་རྨང་གཞིའི་ཞབས་ཕྱི་དང་སྡོད་ཁང་སོགས་འགན་ལེན་བྱེད་པར་ཁག་ཐེག་བྱས་ན་གྲོང་ཁྱེར་གྱིས་དཔལ་འབྱོར་དང་ཁོར་ཡུག་སོགས་ཀྱི་ཐད་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་རེད།
ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་འཐུས་མི་ལིའུ་ཅེ་དབྱིས་ཀྲུང་གོས་ད་ལོའི་ཟླ་བ3པར་བཏོན་པའི་《རྒྱལ་ཁབ་ཀྱི་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་ཇུས་འགོད་(2014-2020》ངོ་སྤྲོད་བྱས།  ཁོས་བཤད་དོན།  ཀྲུང་གོས་འབྲེལ་ཡོད་གྲོང་རྡལ་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་ཡིན་པ་མ་ཟད་།  ད་རུང་དེའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན།
      མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིང་ཝན་གྱི་དམིགས་བསལ་གྱི་བློ་འདྲི་ས་དང་ཨ་མེ་རི་ཁའི་དཔལ་འབྱོར་རིག་པ་བ་ཅེ་ཧྥུ་ལི·ས་ཁོ་སིས་བཤད་དོན། ཀྲུང་གོའི་གྲོང་རྡལ་ཅན་དུ་འགྱུར་བའི་མྱུར་ཚད་དེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མྱུར་ཚད་ལས་བརྒལ་ཡོད་ལ། དེ་ལ་འགྲན་སློང་ཡང་མང་པོ་ཐུག་ཡོད་པ་རེད། ཁོས་འགྲིམ་འགྲུལ་དང་ཨར་ལས་ཀྱི་ནུས་ཁུངས་ཟད་གྲོན། ནུས་ཁུངས་སོགས་ཀྱི་ཐད་ནས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་གྲོས་གཞི་བཏོན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:སྐབས་དང་པོའི་མདོ་ཁམས་ཡུལ་གྱི་ཁ་ཤག་དང་གར་ཆུང་དགོང་ཚོགས་ཆེན་མོ་ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཞིང་དུད་དུང་ཕྱུར2ལྷག་ཞིང་ལས་ཉེན་འགོག་འགན་སྲུང་ནང་ཞུགས་པ་དང་ཞིང་རྨོ་ལོ་ཏོག་མུའུ་དུང་ཕྱུར11འགན་གཙང་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།