མིའོ་གྲོང་གིས་འབྱོར་འབྲིང་བསྐྲུན་ཏེ་རྣམ་པ་རྙིང་པ་གསར་དུ་བསྒྱུར།

        2014-07-17

ཁྲེང་པུའུ་མིའོ་རིགས་རང་སྐྱོང་རྫོང་ནི་ཧུའུ་ནན་ཞིང་ཆེན་ནུབ་ལྷོའི་ཕྱོགས་སུ་གནས་ཤིང་། རྫོང་ཡོངས་ལ་མིའོ་རིགས་དང་རྒྱ་རིགས། ཏུང་རིགས། ཡའོ་རིགས་སོགས་ཁྱོན་བསྡོམས་མི་རིགས24ཡོད་པའི་ནང་ནས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་བརྒྱ་ཆ62.47བཟུང་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཝུའུ་ལིང་རི་བོའི་ཡུག་ཕྱོགས་འཕེལ་རྒྱས་དང་དབུལ་སྐྱོར་འགག་སྒྲོལ་བྱེད་སའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་ཕྱིར།ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།ལྗོངས་རྒྱུ་མཛེས་ལྗོངས་གསར་སྦོལ་བྱས་པར་བརྟེན།སྔོན་ཆད་ཀྱི་མིའོ་རིགས་གྲོང་སྡེ་རྙིང་པའི་རྣམ་པ་གསར་དུ་བསྒྱུར་ཞིང་གྲོང་མིའི་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཞིང་དུད་དུང་ཕྱུར2ལྷག་ཞིང་ལས་ཉེན་འགོག་འགན་སྲུང་ནང་ཞུགས་པ་དང་ཞིང་རྨོ་ལོ་ཏོག་མུའུ་དུང་ཕྱུར11འགན་གཙང་ལེན་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཏན་ཏིག་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།