བོད་ལྗོངས་སུ་ཞིང་ཁྱིམ་དཔེ་དེབ་ཁང་དང་དགོན་སྡེའི་དཔེ་དེབ་ཁང་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱུང་།
བོད་ལྗོངས་འཕྲིན་དྲ། 2016-01-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་སྒེར་རྩེ་རྫོང་ཤན་ཆན་ཤང་གི་གྲོང་མིས་ཞིང་པའི་དཔེ་ཁང་ནང་དཔེ་དེབ་ལྟ་ཀློག་བྱེད་བཞིན་པ།
རང་ལྗོངས་ཀྱིས་ཞིང་ཁྱིམ་དཔེ་དེབ་ཁང་དང་དགོན་སྡེའི་དཔེ་དེབ་ཁང་བསྐྲུན་པའི་རྣམ་གྲངས་དེ་རིག་གནས་དམངས་ཕན་གྱི་རྣམ་གྲངས་གལ་ཆེན་ཞིག་ལ་བརྩིས་ཏེ། སྤྱི་ལོ ༢༠༡༢ ལོར་ཞིང་པའི་དཔེ་དེབ་ཁང་ ༥༤༥༡ བསྐྲུན་པའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་དང་། ལོ་དེའི་སྤྱི་ཟླ ༤ པར་ལྗོངས་ཡོངས་ཀྱི་དགོན་སྡེའི་དཔེ་དེབ་ཁང་ ༡༧༠༠ ལྷག་ཙམ་བསྐྲུན་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ད་ཆ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་དགོན་སྡེར་ཁྱབ་པའི་གསར་འགྱུར་དཔེ་སྐྲུན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་བསྐྲུན་ཟིན་ནས་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱི་དགའ་བསུ་ཐོབ་ཡོད། །