མཚོ་སྔོན་བོད་སྐད་རླུང་འཕྲིན། 2016-01-07
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་གྱི་དུས་ལ་ཉེ་བའི་སྐབས་འདིར། རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་རེ་སྒུག་ཁྲོད་མཚོ་ལྷོ་ཁུལ་བོད་ཡིག་ཚགས་པར་གྱི་འཕྲིན་སྟེགས་དངོས་སུ་ཤར་གཏོང་བྱས།
«མཚོ་ལྷོའི་བོད་ཡིག་ཚགས་པར»ནི་མཚོ་ལྷོ་ཁུལ་ཨུའི་ལས་ཁུངས་ཀྱི་ཚགས་པར་ཡིན་ལ། 2003ལོའི་ཟླ8པར་ཚགས་པར་འདོན་མགོ་བརྩམས་ཤིང་། 2005ལོའི་ཟླ9བར་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད།
ཉེ་བའི་ལོ་འགའི་ནང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག ཚགས་པར་འདིས་སྒྱུར་བཅོས་ལ་ཤུགས་བསྣན་པ་དང་། དཔར་སྐྲུན་གྱི་སྤུས་ཚད་མཐོར་འདེགས། པར་ངོས་ལེགས་བཅོས་སོགས་བརྒྱུད་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ཆ་འཕྲིན་སྣ་ཚོགས་དང་ཚན་རྩལ་རིག་གནས་ཤེས་བྱ་སོགས་མཁོ་འདོན་བྱས་པ་དང་མཉམ་དུ། «མཚོ་ལྷོའི་བོད་ཡིག་ཚགས་པར»གྱི་ཀློག་འཐུས་རང་བཞིན་གཟེངས་སུ་བཏོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་གཅིག་ཏུ་སྡེབ་སྟེ་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དྲིལ་སྒྲོག་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བར་དགེ་མཚན་མི་དམན་པ་ཐོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10