ཐུན་མོང་དུ་གྲོང་ཁྱེར་ཆེ་གྲས་དང་མི་རིགས་ས་ཁུལ་མཉམ་འགུལ་འཕེལ་རྒྱས་དང་མཉམ་ཕན་གཉིས་ཁེའི་དཔེ་སྟོན་གསར་པ་བསྐྲུན།

ལྷ་འཛོམས་ཀྱིས་བསྒྱུར།        2016-01-07

 ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་དང་རང་ཁུལ་གྱིས་ཁ་གཏད་རོགས་སྐྱོར་དང་ས་ཁོངས་མཉམ་ལས་འཕེལ་རྒྱས། མཉམ་ཕན་གཉིས་ཁེ། ཐུན་མོང་དུ་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་བཟོ་ལས་ལྡུམ་ཁུལ་མཉམ་ལས་གྲོས་མཐུན་ཡི་གེ་བཞག་ནས་ཐུན་མོང་དུ་སི་ཁྲོན་གྱི་གྲོང་ཁྱེར་དང་པོ་དང་མི་རིགས་ས་ཁུལ་གྱི་མཉམ་འགུལ་འཕེལ་རྒྱས་དང་མཉམ་ཕན་གཉིས་ཁེའི་དཔེ་སྟོན་གསར་པ་བསྐྲུན་པ་རེད།
 ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཞིན་ཁྲུན་དང་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཐང་ལིའང་ཀྲི དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བ་བཅས་རྣམ་པ་གན་རྒྱ་བཞག་པའི་མཛད་སྒོའི་ནང་ཞུགས་ཡོད། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞིའུ་མིང་གིས་གན་རྒྱ་བཞག་པའི་མཛད་སྒོའི་གཙོ་འགན་བཞེས།
 མཛད་སྒོ་སྤེལ་བའི་སྔོན་དུ་ས་གནས་གཉིས་ཀྱི་དྲིན་གཟོ་རོགས་སྐྱོར་གྱི་བཞུགས་མོལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ། ཧོང་ཞིན་ཁྲུའུ་གིས་ཁྲེང་ཏུའུ་གྲོང་ཁྱེར་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་མཛད་ནས་རང་ཁུལ་འདུས་པའི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་ཚང་མས་ཡུན་རིང་པོར་ཁྲེང་ཏུའུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཉམ་ལས་བྱས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་ཕྱིན་ཆད་ལ་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་གྲོས་མཐུན་བཞག་པ་ནས་འགོ་བཙུགས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱ་སྤྱོད་དངོས་ཀྱིས་ཐོག་ནས་དཀར་མཛེས་ཁུལ་ལ་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ཡག་མོ་སྒྲུབ་རོགས་བྱ་རྒྱུ་ཡིན། རྒྱུན་ཆད་མེད་པར་ས་གནས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཞིང་། ཐུན་མོང་དུ་གྲོང་ཁྱེར་དང་པོ་དང་མི་རིགས་ས་ཁུལ་མཉམ་འགུལ་འཕེལ་རྒྱས་དང་ཕན་ཚུན་ཁེ་ཕན་མཉམ་སྐྲུན་གྱི་དཔེ་སྟོན་གསར་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
 ལིའུ་ཁྲེང་མིང་གིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གནད་སྨིན་དང་དབུལ་བྲལ་གནད་སྨིན་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་གསར་པ་ལྟར་མ་དངུལ་དང་ཐོན་ལས། བློ་གྲོས། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱིན་ཆད་ང་ཚོས་རང་ཁུལ་གྱི་ཕུན་སུམ་ཚོགས་པོའི་ཐོན་ཁུངས་བཟང་ཆ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཚོང་ར་ཆེན་པོ་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་ཐོན་ལས་ཕན་ཚུན་སྤེལ་རེས་དང་འཕེལ་རྒྱས་བཏང་ནས་མཉམ་ལས་ལྡུམ་ཁུལ་མགྱོགས་སུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ཐུན་མོང་དུ་ས་གནས་སྤེལ་རེས་དང་མཉམ་ལས་བྱེད་པའི་ལེའུ་གསར་པ་བྲིས་དགོས་ཞེས་གསུངས་པ་རེད།
 ཐང་ལིའང་ཀྲི་དང་ཡེ་ཤེས་ཟླ་བས་ཁག་བགོས་ནས་ས་གནས་གཉིས་ཀྱི་སྲིད་གཞུང་གི་ཚབ་མཛད་ནས་འབྲེལ་ཡོད་ཀྱི་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ་རེད།
 རང་ཁུལ་གྱི་ཏང་སྲིད་ཚོགས་པས་ད་དུང་ཡུལ་དངོས་སུ་ཆང་ལས་གྲོང་ཁྱེར་གྱི་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་བཟོ་ལས་ལྡུམ་ཁུལ་གཉེར་ས་དང་བཀོད་འདོམས་པུའུ་ཡི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད།།
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:«མཚོ་ལྷོའི་བོད་ཡིག་ཚགས་པར»གྱི་འཕྲིན་སྟེགས་ཤར་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།