2016-01-08
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་ཚེས་ལྔ་ནས་ཚེས་དྲུག་ཉིན་བར་པེ་ཅིན་ནས་ཚོགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཆོག་མཆན་བཀོད།
ཡུས་ཀྲིན་ཧྲིན་གྱིས་མཆན་བཀོད་མཛུབ་སྟོན་ནང་དུ།གྲོང་ཁྱེར་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི།གནས་བབ་གསར་བའི་འོག་གི་མི་རིགས་བྱ་བ་དང་གྲོང་ཁྱེར་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད།ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ན།ཀྲུང་གོའི་ཁྱད་ཆོས་ལྟར་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་།བཅའ་ཁྲིམས་ལྟར་གྲོང་ཁྱེར་གྱི་མི་རིགས་ལས་དོན་བྱ་བར་དོ་དམ་བྱེད་པ།རིགས་སོ་སོའི་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་ལྟེ་གནས་སུ་འཇོག་དགོས་པ་དང་།གྲངས་ཉུང་མི་རིགས་འཁོར་རྒྱུག་མི་གྲངས་ཞབས་ཞུའི་དོ་དམ་བཟང་བོར་སྒྲུབ་པ་དེ་གནད་སར་བརྩིས་ནས།ཕན་ཚུན་བར་འབྲེལ་མཐུད་བྱེད་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡོད་ཁུལ་ཁོར་ཡུག་འཛུགས་པར་སྐུལ་འདེད་གཏོང་བའི་བྱ་བ་དམ་འཛིན་བྱེད་པ།གྲོང་ཁྱེར་གྱི་མི་རིགས་བྱ་བའི་ལམ་ལུགས་ཅན་དང་།ཚད་ལྡན་ཅན།ཞིབ་རྒྱས་ཅན་བཅས་ལ་ཡར་སྐུལ་བྱས་ནས།གྲོང་ཁྱེར་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་མང་པོ་དང་དུ་ལེན་དགོས་པ་དང་།གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་དུ་འཛོམས་པར་བྱེད་པ།མི་རིགས་སོ་སོའི་བར་ཕན་ཚུན་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་གྱི་མི་རིགས་བྱ་བར་མཐོང་ཆེན་བྱས་ནས།མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་།སྒྲིག་སྲོལ་ནང་རྐྱེན་དང་བྱ་བའི་ཆགས་སྟངས་འཐུས་ཚང་དུ་གཏོང་བ།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་དང་། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།ཁོ་མོས་ནན་གྱིས་བསྟན་དོན།གྲོང་ཁྱེར་གྱི་མི་རིགས་བྱ་བ་དང་གྲོང་ཁྱེར་བྱ་བ་དང་འབྲེལ་བ་ཡོད་པའི་དོན་དག་ཆེན་པོ་གཉིས་སྔར་ལས་བཟང་བོར་སྒྲུབ་པ་དེ།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཆེན་པོ་ཡོད།གྲོང་ཁྱེར་གྱིས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ།རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཉམ་དུ་འཕེལ་རྒྱས་ལོངས་སུ་སྤྱོད་པ་དང་། མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པ་མངོན་འགྱུར་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10