ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་མི་འབོར་བྱེ་བ་གཅིག་དབུལ་སྐྱོར་གནས་སྤོ་བྱེད་གང་ཐུབ་བྱ་རྒྱུ།

ཆོས་སྐྱིད་ཆེ་བ་དང་ཁྲི་ལེགས་སྒྲོལ་མ།        2015-12-18

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ12པའི་ཚེས8ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་དང་དབུལ་སྐྱོར་གཞུང་ལས་ཁང་གཉིས་ཀྱིས་ནོར་སྲིད་སྡེ་ཁག་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས་སྡེ་ཁག མི་དམངས་དངུལ་ཁང་བཅས་སྡེ་ཁག་ལྔ་ཡིས་མཉམ་དུ《ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུའི་ལས་ཀའི་ཇུས་གཞི》ཡིག་ཆ་འགྲེམ་སྤེལ་བྱས་ཤིང་། དེར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུའི་ལས་ཀའི་སྤྱིའི་བླང་བྱ་དང་། གནས་སྤོ་བྱེད་ཡུལ། བཀོད་སྒྲིག་བྱེད་སྟངས། འཛུགས་སྐྲུན་ཚན་པ། ཁ་གསབ་ཀྱི་ཚད་གཞི། མ་དངུལ་གྲབས་གཤོམ། འགན་འཁྲི་ལས་བགོས། སྲིད་ཇུས་འགན་སྲུང་བཅས་གསལ་པོ་བསྟན་པ་དང་། མི་འབོར་བྱེ་བ་གཅིག་གནས་སྤོ་བྱེད་པའི་ལས་འགན་འགྲུབ་གང་ཐུབ་བྱ་དགོས་པ་བཏོན་ཡོད།
 འཆར་གཞི་ལྟར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མང་ཚོགས་རང་མོས་དང་དགེ་མཚན་ལྡན་ཞིང་བློས་བཀལ་ཆོག་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཤིང་། གྲོང་སྡེ་གསར་པ་ཅན་དང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ས་གནས་དེ་གའི་ས་ཆུས་ས་གནས་དེ་གའི་མི་སྣ་གསོ་ཐབས་མེད་པའི་ཐོར་ཕོག་དབུལ་ཕོངས་མི་སྣ་གནས་སྤོ་བྱ་རྒྱུ། སྲིད་གཞུང་གིས་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་གཏོང་བ་དང་སྡུད་རུབ་བྱེད་སྟངས་དང་རྩ་འཛུགས་བྱེད་སྟངས་གསར་གཏོད་བྱེད་པ། རྗེས་མཐུད་རོགས་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་གཏོང་བ་དང་། གནས་སྤོའི་གྲུབ་འབྲས་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། གནས་སྤོ་བྱེད་ཐུབ་པ་དང་གཞི་ཚུགས་ཐུབ་པ། བྱ་བ་ལས་རྒྱུ་ཡོད་པ། ཕྱུག་པོར་ཡོང་ཐུབ་པ་བཅས་བྱེད་གང་ཐུབ་བྱས་ཏེ། གནས་སྤོ་བྱེད་མཁན་དག་དབུལ་བྲལ་མགྱོགས་པོ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ་རྩ་བའི་ཆ་ནས་འཚོ་ཇུས་གནད་དོན་ཐག་གཅོད་བྱ་དགོས།
  ངོ་སྤྲོད་བྱས་པར་བལྟས་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དབུལ་སྐྱོར་གནས་སྤོ་བྱེད་ཡུལ་གཙོ་བོ་ནི་རི་གསེབ་དང་། བྲག་རི། མཐོ་གྲང་། ཐང་རྒོད་ཅན་དང་ཡུལ་ནད་རྒྱུན་མི་ཆད་པའི་ཡུལ་སོགས་འཚོ་གནས་ཀྱི་ཁོར་ཡུག་ཞན་པ་དང་གཞི་རྩའི་འཕེལ་རྒྱས་གཏང་རྒྱུའི་ཆ་རྐྱེན་མི་འཛོམས་པ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་པོ་དང་། གསར་སྦོལ་ལ་ཚད་འཛིན་དང་བཀག་སྡོམ་བྱེད་པའི་ས་ཁུལ་གྱི་ཞིང་སྡེའི་ཡིག་ཚགས་ཐོ་འགོད་བྱེད་པའི་དབུལ་ཕོངས་མི་གྲངས་བཅས་ཡིན་པ་རེད། དམིགས་སུ་བཀར་ནས་ས་ཡོམ་ཡང་ཡང་ཡོང་བ་དང་ཆུ་ལོག ས་ཤུད་སོགས་ས་གཤིས་ཀྱི་གནོད་འཚེའི་ཐེབས་པའི་ཡིག་ཚགས་ཐོ་འགོད་བྱེད་པའི་དབུལ་ཕོངས་མི་གྲངས་གནས་སྤོ་བྱེད་པར་བཀོད་སྒྲིག་བྱ་དགོས་སོ།།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་གཞོན་ནུ་དང་དར་མའི་ཡིག་རྨོངས་ཀྱི་ཚད་བརྒྱ་ཆ༠.༥༢དམའ་རུ་ཕྱིན།
  • ལེ་ཚན་རྗེས་མ།:ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་བཏང་ནས་སྟོན་འབྲུ་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།