ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ད་ལོའི་སྔོན་གྱི་ཟླ་བ་དགུར་ལམ་གཅིག་རྒྱུད་གཅིག་གི་ལམ་ངོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་དངོས་སུ་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར61.2གཏོང་འཇོག་བྱས་ཏེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ18.4མཐོ་རུ་ཕྱིན།
ད་ལོའི་སྔོན་གྱི་ཟླ་བ་དགུར་ལམ་གཅིག་རྒྱུད་གཅིག་ལམ་ངོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་དངུལ་གཏོང་འཇོག་བྱེད་མཁན་ཁེ་ལས1604བཙུགས་ཏེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ19འཕར། ལམ་གཅིག་རྒྱུད་གཅིག་ལམ་ངོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་དངུལ་གཏོང་བའི་ལས་རིགས་ཐོག་བལྟས་ན། དངུལ་རྩ་ཞབས་འདེགས་ལས་རིགས་དང་། བོགས་མ་གཏོང་བ་དང་ཚོང་ལས་ཀྱི་ཞབས་འདེགས་ལས་རིགས། བཟོ་སྐྲུན་ལས་རིགས་སོགས་ལ་དངོས་སུ་མ་དངུལ་གཏོང་འཇོག་བྱེད་ཚད་ཆེ་ཙམ་ཡིན་པ་དེ་ན་ལོའི་དུས་མཉམ་ལས་ཁག་འབྱེད་དེ་བརྒྱ་ཆ1509དང་། བརྒྱ་ཆ231 བརྒྱ་ཆ9འཕར་ཡོད།
ཚོང་ལས་པུའུ་ཡི་གྲངས་ཀའི་ཐོག་ད་རུང་མཚོན་དོན། རང་རྒྱལ་གྱིས་ཁྱོན་བསྡོམས་ལམ་གཅིག་རྒྱུད་གཅིག་ལམ་ངོགས་རྒྱལ་ཁབ48ལ་ཐད་ཀར་མ་དངུལ་གཏོང་འཇོག་བྱས་པའི་ཨ་སྒོར་བསྡོམས་འབོར་དུང་ཕྱུར120.3ཡིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ66.2འཕར་བ་དང་། མ་དངུལ་གཙོ་བོ་སིང་ཀ་ཕོར་དང་། ཧ་ས་ཁེ་སི་ཐན། ལོ་སི། ཧིན་རྡུ་ཉི་ཞི་ཡ། ཨུ་རུ་སུ། ལེ་ལན་སོགས་རྒྱལ་ཁབ་ལ་བཏང་ཡོད།
འགག་སྒོའི་བསྡོམས་རྩིས་ལྟར། རང་རྒྱལ་གྱི་ལམ་གཅིག་རྒྱུད་གཅིག་ལམ་ངོགས་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་ཀྱི་ཚོང་གཉེར་གྱི་བསྡོམས་འབོར་ཨ་སྒོར་དུང་ཕྱུར7428ཡིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ10ཙམ་ཉུང་དུ་ཕྱིན་ནས་རང་རྒྱལ་གྱི་དུས་མཉམ་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་བརྒྱ་ཆ25.6ལ་ཟིན། དེའི་ནང་ལམ་གཅིག་རྒྱུད་གཅིག་ལམ་ངོམས་རྒྱལ་ཁབ་ལ་མ་དངུལ་ཨ་སྒོར་དུང་ཕྱུར4550བཏང་སྟེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ1.48ཉུང་དུ་ཕྱིན་པ་དེ་ན་ལོའི་དུས་མཉམ་དུ་འཛམ་གླིང་ཧྲིལ་པོར་ཕྱིར་གཏོང་བའི་བརྒྱ་ཆའི་གྲངས་ཀ0.43ཆག་པ་ལས་དམའ་བ་དང་། ན་ལོའི་དུས་མཉམ་ཀྱི་རང་རྒྱལ་གྱི་ཕྱིར་འདྲེན་བསྡོམས་འབོར་གྱི་བརྒྱ་ཆ27.34ཟིན། ལམ་གཅིག་རྒྱུད་གཅིག་ལམ་ངོགས་རྒྱལ་ཁབ་ནང་མ་དངུལ་ཨ་སྒོར་དུང་ཕྱུར2878ནང་འདྲེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ21ཉུང་དུ་ཕྱིན་ནས་དུས་མཉམ་དུ་རང་རྒྱལ་གྱི་ནང་འདྲེན་བསྡོམས་འབོར་གྱི་བརྒྱ་ཆ23.2ལ་ཟིན་ནོ།།